དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བོད་ལྗོངས་ཀྱིས“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ་བ།

སྤེལ་དུས 2020-07-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2020ལོའི་ཟླ་7ཚེས་1ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས“འཆལ་རྡུང་ལོག་སེལ”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། དྲ་འཕྲིན་གཞུང་ལས་ཁང་། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་སོགས“འཆལ་རྡུང་ལོག་སེལ”གྱི་ཁོངས་མིའི་ཚན་པ་དང་། དེ་བཞིན་ས་ཁུལ་དང་གྲོང་ཁྱེར་ཁག་སྒྲིག་འཛུགས་བྱས་ནས་བོད་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། ས་ཁུལ། རྫོང་ཆུས་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ཏེ་གྲོང་ཁྱེར་དང་ས་ཁུལ་བདུན་དུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་དེ་ཟླ་ཕྱེད་རིང་གི“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་ཚང་མར་ཁྱབ་པ་དང་ཞིབ་བཤེར་བྱ་ཡུལ་ལ་དྲ་ཚིགས་གཙོ་བོ་དང་། དཔེ་སྐྲུན་པར་སྐྲུན་ཁེ་ལས། དཔེ་དེབ་ལྟ་ཀློག་ཁང་། པར་སློག་རྒྱག་ས། སྦྲག་སྲིད་མྱུར་སྐྱེལ་ཁེ་ལས། འགག་སྒོའི་ཞིབ་བཤེར་བྱ་ཡུལ། གླུ་གར་རོལ་རྩེད་ཁང་སོགས་ཚུད་ཡོད་པ་དང་། ཁྲིམས་དང་མི་མཐུན་པའི་དཔེ་སྐྲུན་དངོས་པོར་རྡུང་རྡེག་ཚ་ནན་བཏང་བ་དང་། གཡེམ་སྦྱོར་དང་། ཆགས་སྲེད། གཏུམ་སྤྱོད་བཅས་གནོད་ལྡན་ཆ་འཕྲིན་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ“འཆལ་རྡུང་ལོག་སེལ”ལས་དོན་གྱི་སྲིད་ཇུས་ཁྲིམས་སྲོལ་དང་ཐེར་འདོན་དང་བྱ་དགའི་བྱ་ཐབས་དྲིལ་བསྒྲགས་བྱས་པ་རེད།