དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ངས་གཞིས་རྙིང་གི་གྱང་ར་བཤིག་པའི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་ནམ།

སྤེལ་དུས 2020-07-16 ཡོང་ཁུངས། ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།
          བློ་མཐུན་རྩོམ་སྒྲིག་པ་ལགས།
          ངེད་ཚང་གྲོང་གསེབ་ཏུ་བསྡད་ཡོད་མོད། ཕ་ཡུལ་གྱི་གཞིས་རྙིང་གི་གྱང་རྟིང་ད་དུང་བཤིག་མེད་པས་ས་མཚམས་གསལ་པོ་ཡིན། 2017ལོར། ཁྱིམ་མཚེས་དོན་གྲུབ་ཀྱིས་ངའི་ཁྱིམ་གྱི་གྱང་རྟིང་མེད་པར་བཟོས་པ་མ་ཟད། ད་དུང་དེའི་སྟེང་ལ་གྱང་ར་བསྐོར་འདུག  2018ལོར། ངས་གྱང་ར་དེ་བཤིག་རྩིས་ཡོད་པས་ཁོ་རང་འཐད་ཀྱིན་མེད། དེར་བརྟེན་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་མངག་གཏོང་ཁང་གིས་མི་མངགས་ནས་བར་འདུམ་བྱས་ཀྱང་སྔར་བཞིན་གྲོས་མཐུན་མ་བྱུང་། རྒྱུ་མཚན་ནི་གྲོང་གསེབ་ཀྱི་ཁང་ས་མང་ཆེ་བར་ས་ཁོངས་དཔང་ཡིག་མེད་པས་རེད། མི་མང་པོ་ཞིག་གིས་ས་འདི་ངའི་ཡིན་པ་ར་སྤྲོད་བྱེད་ཐུབ་མོད། འོན་ཀྱང་ངས་འདྲི་རྩད་བྱས་རྗེས་གཏུག་བཤེར་བརྒྱུད་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་མི་ཐུབ་པར་འདོད། དེ་བས་ཡང་བསྐྱར་གྱང་ར་བཤིག་ཏུ་སོང་བ་དང་། སྔ་གཞུག་ཏུ་ཐེངས4ལ་བཤིག་པ་ཡིན། དོན་གྲུབ་ཀྱིས་བཤད་པ་ལྟར་ན་ངས་ཁོའི་གྱང་རའི་སྟེང་གི་ལྕགས་མདོང10བཅག་པ་དང་། དེའི་སྤྱིའི་རིན་ཐང་སྒོར1000ཡིན་ཟེར། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངས་གྱང་ར་བཤིག་པའི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་ནམ།
ཞེས་རྡོ་རྗེ་ཡིས། 

          བློ་མཐུན་རྡོ་རྗེ་ལགས།
          ས་ཞིང་དོ་དམ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཁང་ས་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་གི་ངོས་ཐད་ནས་རྩོད་པ་བྱུང་བའི་རིགས་རྣམས་དོ་བདག་ཕན་ཚུན་བར་གྲོས་བྱས་ཏེ་ཐག་གཅོད་བྱ་རྒྱུ་དང་། གྲོས་ཁ་མ་མཐུན་ཚེ་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱ་རྒྱུ། སྡེ་ཁག་བར་གྱི་རྩོད་གཞི་ནི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱ་དགོས་ལ། སྐྱེ་བོ་སོ་སོའི་བར་དང་། མི་སྒེར་དང་སྡེ་ཁག་བར་གྱི་རྩོད་གཞི་ནི་ཤང་རིམ་པའི་མི་དམངས་སྲིད་གཞུང་ངམ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱ་དགོས། དོ་བདག་གིས་འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱས་པའི་ཆོད་དོན་བློར་མ་བབས་ཚེ། ཐག་གཅོད་བྱས་འབྲས་ཀྱི་བརྡ་སྦྱོར་འབྱོར་ཉིན་ནས་བཟུང་ཉིན30ནང་ཚུན་དུ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག་ཅེས་བཀོད་ཡོད།
          དེའི་ཐོག་ནས་ཁང་སའི་བདག་དབང་སྐོར་གྱི་རྩོད་གཞི་དེ་ཐད་ཀར་གཏུག་བཤེར་བྱས་ནས་ཐག་གཅོད་བྱེད་མི་ཐུབ་པ་ཤེས་ཐུབ་ལ། གལ་ཏེ་ཁྱིམ་མཚེས་ཚང་གིས་གྱང་ར་བསྐོར་བའི་བྱ་སྤྱོད་དེས་ཁྱོད་ཀྱི་ཁང་སའི་ཁེ་དབང་ལ་གནོད་འཚེ་བཏང་སོང་སྙམ་ན། སྔོན་ལ་ས་གནས་དེ་གའི་སྲིད་གཞུང་ལ་རེ་འདུན་ཞུས་ཆོག་པ་དང་། སྲིད་གཞུང་གིས་ཐག་གཅོད་བྱས་པའི་ཆོད་དོན་བློར་མ་བབས་ན་གཞི་ནས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག  གལ་ཏེ་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲོད་དུ་ཁྱོད་ལ་བདག་དབང་གཏན་འཁེལ་གྱི་ཐོ་འགོད་ཐོབ་ན། དོན་གྲུབ་ལ་གྱང་ར་བཤིག་དགོས་པའི་རེ་བ་འདོན་དབང་ཡོད།
          ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།
          ངལ་རྩོལ་ནུས་པ་ཤོར་བའི་ངོས་འཛིན་ཚད་གཞི་ནི་ག་འདྲ་ཡིན།
          《ལས་རྨས་ཉེན་སྲུང་སྲོལ་ཡིག》གི་དོན་ཚན21པའི་གཏན་འཁེལ་ལྟར་ན། ལས་བཟོ་བར་ལས་རྨས་བྱུང་བ་དང་སྨན་བཅོས་བྱས་ནས་རྨས་སྐྱོན་ཕོག་ཚུལ་ལྟོས་བཅས་ཀྱིས་བརྟན་པོ་བྱུང་རྗེས། དབང་བོར་སྐྱོན་ཡོད་པའམ་ངལ་རྩོལ་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ཡོད་ན། ངལ་རྩོལ་ནུས་པ་ཡོད་མེད་གསལ་འབྱེད་བྱ་དགོས། 
          ངལ་རྩོལ་བྱེད་ནུས་གསལ་འབྱེད་ཅེས་པ་ནི་ངལ་རྩོལ་བྱེད་ནུས་ཀྱི་འགོག་རྐྱེན་ཚད་གཞི་དང་འཚོ་བའི་ཐག་གཅོད་འགོག་རྐྱེན་གྱི་ཚད་རིམ་དབྱེ་བའི་གསལ་འབྱེད་ལ་ཟེར། ངལ་རྩོལ་བྱེད་ནུས་ལ་འགོག་རྐྱེན་བཟོ་ཚད་དེ་རྨས་སྐྱོན་རིམ་པ་བཅུ་ལ་དབྱེ་ཡོད་དེ། ཚབས་ཆེ་ཤོས་ནི་རིམ་པ་དང་པོ་དང་ཡང་ཤོས་ནི་རིམ་པ་བཅུ་བ་ཡིན། འཚོ་བའི་རང་སྐྱོང་འགོག་རྐྱེན་ལ་རིམ་པ་གསུམ་དུ་དབྱེ་ཡོད་དེ། འཚོ་བའི་ཕྱོགས་ཡོངས་ནས་རང་མགོ་མི་ཐོན་པ་དང་འཚོ་བའི་མང་ཆེ་བ་རང་མགོ་མི་ཐོན་པ། འཚོ་བའི་ཆ་ཤས་ཙམ་རང་མགོ་མི་ཐོན་པ་བཅས་ཡིན།