དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ས་ཞིང་སྐོར་གྱི་བཅའ་ཁྲིམས་དོན་ཚན་འདི་གཉིས་ལ་གཟིཌ་དང་། ཧ་ཅང་གལ་ཆེ།

སྤེལ་དུས 2020-08-25 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
ས་ཞིང་གི་དམར་ཐིག་ནན་པོ་སྲུང་དགོས།
          ས་ཞིང་གི་དམར་ཐིག་ནན་པོ་བསྲུངས་ནས་ས་ཞིང་འཛུགས་སྐྲུན་གྱི་ས་ཆར་སྒྱུར་བར་ཚོད་འཛིན་ནན་པོ་བྱེད་དགོས།
          དེ་དོན《དམངས་དོན་ཁྲིམས་གཞུང་》གི་འབྲེལ་ཡོད་གཏན་འབེབས་ལ་གཟིགས་དང་།
དོན་ཚན་ཉིས་རྒྱ་ཞེ་བཞི་པ།
          རྒྱལ་ཁབ་ཀྱིས་ས་ཞིང་ལ་དམིགས་བསལ་སྲུང་སྐྱོང་བྱ་རྒྱུ་དང་།  ས་ཞིང་འཛུགས་སྐྲུན་གྱི་ས་ཆར་སྒྱུར་བར་ཚོད་འཛིན་ནན་པོ་བྱས་ཏེ། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་སྤྱི་འབོར་ལ་ཚོད་འཛིན་ནན་པོ་བྱེད་དགོས། བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་དབང་ཚད་དང་གོ་རིམ་ལས་འགལ་ཏེ་ཐུན་མོང་ལ་དབང་བའི་ས་ཞིང་བསྡུ་མི་ཆོག
          ས་ཞིང་འགན་གཙང་ལེན་པའི་དུས་ཡུན་ཇི་ཙམ་ཡིན་ནམ། འགན་གཙང་བླངས་པའི་དུས་ཚོད་ཐིམ་རྗེས་ཇི་ལྟར་བྱེད་དགོས་སམ། 
          དེ་དོན《དམངས་དོན་ཁྲིམས་གཞུང་》གི་འབྲེལ་ཡོད་གཏན་འབེབས་ལ་གཟིགས་དང་།
དོན་ཚན་སུམ་རྒྱ་སོ་གཉིས་པ།
          ས་ཞིང་འགན་གཙང་ལེན་པའི་དུས་ཡུན་ལོ་སུམ་ཅུ་ཡིན་པ་དང་། རྩྭ་ར་འགན་གཙང་ལེན་པའི་དུས་ཡུན་ལོ་སུམ་ཅུ་ནས་ལྔ་བཅུ་བར་ཡིན་པ། ནགས་ས་འགན་གཙང་ལེན་པའི་དུས་ཡུན་ལོ་སུམ་ཅུ་ནས་བདུན་ཅུ་བར་རེད།
          གོང་དུ་གཏན་འབེབས་བྱས་པའི་འགན་གཙང་ལེན་པའི་དུས་ཚོད་ཐིམ་རྗེས། ས་ཞིང་འགན་གཙང་ལེན་མཁན་གྱིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་མུ་མཐུད་ནས་འགན་གཙང་ལེན་ཆོག