དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་གྲོས་འགོ་བཏོན་དོན།

བཟའ་བཏུང་འཕྲོ་བརླག་གཏོང་མི་རུང་།

སྤེལ་དུས 2020-08-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཉེ་དུས། ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་གྲོན་ཆུང་ནི་གཟི་བརྗིད་ཡིན་པ་གོང་དུ་བཀུར་ནས་བཟའ་བཏུང་འཕྲོ་བརླག་མི་གཏོང་བ་དང་། ལྗང་མདོག་གྲོན་ཆུང་གི་འཛད་སྤྱོད་ལག་ལེན་པ་དང་། ཁྱབ་སྤེལ་བ། ལྟ་སྐུལ་བ་བཅས་ཧུར་ཐག་བྱེད་དགོས་ཞེས་གྲོས་འགོ་བཏོན་པ་རེད།
          ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་གྲོས་འགོ་བཏོན་དོན། བཟའ་བཏུང་འོས་འཚམ་བྱས་ན་བདེ་ཐང་ལ་ཕན་པར་བརྟེན། རང་ཁྱིམ་དུ་བཟས་ན་ཡང་འདྲ། ཡང་ན་ཕྱིར་མཉམ་དུ་ཟ་བའམ་ཡང་ན་ཕྱི་ནས་ཟ་མ་ཉོ་བ་གང་ཡིན་རུང་། ཟས་འདང་ཙམ་གྱིས་ཆོག་པ་ནི་གོམས་སྲོལ་དུ་བྱས་ནས“སྡེར་གཙང་བྱ་སྤྱོད”དར་སྲོལ་ཞིག་ཏུ་ཆགས་པར་བྱེད་དགོས། ལུགས་མཐུན་གྱི་ཟས་ཟ་བ་ལས་བདག་མེད་སྲོག་ཆགས་ཀྱི་ཤ་རིགས་མི་ཟ་བ་དང་། འཕྲོ་བརླག་མི་གཏོང་བ། འགྲན་བསྡུར་མི་བྱེད་པ། ངོམ་འཕྱར་མི་བྱེད་པ་བཅས་བྱས་ཏེ་ལྗང་མདོག་གྲོན་ཆུང་གི་འཛད་སྤྱོད་ལག་ལེན་པ་ཧུར་ཐག་བྱེད་དགོས།
          ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་བཟའ་བཏུང་ཁེ་ལས་དག་ལ་འབོད་སྐུལ་བྱས་དོན། གཡོས་སྦྱོར་ཚད་འབེབས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་ནས་བཟའ་བཏུང་གི་མཁོ་སྤྲོད་སྤུས་ཚད་ལེགས་སུ་གཏོང་བ་དང་། ཕྱོགས་ཡོངས་དང་། ལུགས་མཐུན། ཡང་དག་བཅས་ཀྱི་སྒོ་ནས་བཟའ་བཏུང་གི་ཆ་འཕྲིན་འདོན་པ། འཛད་སྤྱོད་པར་དགོས་མཁོ་ལྟར་ཟས་སྡེབ་སྦྱོར་དང་། ཚད་འབོར་ལྟར་ཉོ་མཁན་ལ་ཡང་སྟབས་བདེ་བསྐྲུན་ནས་འཛད་སྤྱོད་པར་གྲོན་ཆུང་ངང་ཟས་ཉོ་བ་དང་འཕྲོ་བརླག་གཏན་འགོག་བྱེད་པར་ཁྲིད་སྟོན་བྱེད་དགོས།