དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

གནམ་གྲུའི་དུས་ཚོད་བསྒྱུར་འདུག་ཟེར་མཁན་ལ་ཡིད་གཟབ་བྱེད་དགོས།

སྤེལ་དུས 2020-09-10 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          གྱོད་དཔེ།
          ཉེ་བའི་ལོ་ཤས་རིང་། མི་ཁག་གཅིག་གིས་གནམ་གྲུའི་སྤ་སེའི་དུས་ཚོད་བསྒྱུར་བར་ཁ་གཡར་ནས་འགྲུལ་པ་མང་པོར་མགོ་སྐོར་བཏང་ཡོད་ཅིང་།  དེ་ཡང་ཉེ་ཆར། ལྷ་ས་གྲོང་ཁྱེར་དུ་ལས་ཀ་བྱེད་མཁན་མཁྱེན་ལྡན་མ་ཝང་ལགས་ཀྱི་སྒོར་5000ཁ་བསླུས་ཤོར་འདུག
          ཉེ་དུས། ཁྲེང་ཏུར་གཞུང་དོན་སྒྲུབ་པར་འགྲོ་མཁན་མཁྱེན་ལྡན་མ་ཝང་ལགས་ལམ་ཆས་བསྡུ་གསོག་རྒྱག་སྐབས“XXམཁའ་འགྲུལ་ཀུང་སིའི”ཁ་པར་ཞིག་འབྱོར་ནས། “ཁྱེད་རང་བཞུགས་སའི་དུས་གཏན་གནམ་གྲུTVXXXXདེ་གནམ་གཤིས་ཀྱིས་རྐྱེན་པས་འཕུར་ཐུབ་པ་མི་འདུག དེར་བརྟེན། འཕྲིན་ཐུང་གི་འབྲེལ་མཐུད་གཞིར་བཟུང་སྤ་སེ་སློག་དགོས། ཁྱེད་རང་ལ་རྙོག་དྲ་བཟོས་པར་དགོངས་དག་ཞུ”ཞེས་བཤད། ལྷ་ས་ནས་ཁྲེང་ཏུར་འཕུར་བའི་དུས་གཏན་གནམ་གྲུ་རྒྱུན་གཏན་ལྟར“འཕུར་མི་ཐུབ་པ”ཤེས་རྗེས། མཁྱེན་ལྡན་མ་ཝང་ལགས་དངངས་སྐྲག་ལངས་ནས་འཕྲིན་ཐུང་ཐོག་གི་ཁ་པར་བརྒྱབ་ནས་བློ་འདྲི་བྱས།
          ཁ་པར་ཤར་གཏོང་ཐུབ་རྗེས། “ལས་དོན་མི་སྣ”ཡིན་ཟེར་མཁན་དེས་དགོངས་དག་ཞུས་པ་མ་ཟད། ད་དུང་རང་འགུལ་ངང་མཁྱེན་ལྡན་མ་ཝང་ལགས་ལ་དངུལ་སློག་པའི་འགྲོ་ལུགས་གཉེར་རོགས་བྱས་ཆོག་ཅེས་བཤད། འོན་ཀྱང་མཁྱེན་ལྡན་མ་ཝང་ལགས་ལ་དངུལ་ཁང་གཱ་དང་གསང་བའི་ཨང་རྟགས་ཤོད་དགོས་པའི་རེ་བ་བཏོན། ལས་དོན་མི་སྣ་ཡིན་ཟེར་མཁན་དེས་མཁྱེན་ལྡན་མ་ཝང་ལགས་ཀྱིས་ཁ་པར་མཚམས་མི་འཇོག་པ་བྱ་ཆེད། ཁོང་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ། མཐར་མཁྱེན་ལྡན་མ་ཝང་ལགས་ཀྱིས་ར་སྤྲོད་ཨང་རྟགས་འབྱོར་རྗེས། “XXམཁའ་འགྲུལ”གྱི“ལས་དོན་མི་སྣར”ར་སྤྲོད་ཨང་རྟགས་བཤད། བཀོལ་སྤྱོད་རབ་དང་རིམ་པ་བྱས་པ་བརྒྱུད། མཁྱེན་ལྡན་མ་ཝང་ལགས་ལ་གནམ་གྲུའི་སྤ་སེའི་དངུལ་འབྱོར་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སྒོར་5000འཐེན་པའི་ཆ་འཕྲིན་ཞིག་འབྱོར། ད་གཟོད་གཞི་ནས་ཁོང་གིས་རང་ཉིད་ལ་ཁ་བསླུས་ཤོར་བ་ཤེས་ལ་དུས་གཏན་གནམ་གྲུ་ཡང་རྒྱུན་གཏན་ལྟར་འཕུར་ཐུབ་ཀྱི་ཡོད་པ་ཤེས།
          དབྱེ་ཞིབ།
          ང་ཚོས་མཁྱེན་ལྡན་མ་ཝང་ལགས་ལ་ཁ་བསླུས་ཤོར་བའི་གོ་རིམ་དག་གསེད་བཀྲོལ་བྱས་ན་འདི་ལྟར་ཏེ།
          གོམ་པ་དང་པོ། ཉེས་ཅན་པས་ཁྲིམས་འགལ་གྱི་ཐབས་ལམ་བརྒྱུད། དུས་གཏན་གནམ་གྲུའི་འགྲུལ་པའི་ཆ་འཕྲིན་ཤེས་རྟོགས་བྱས།
          གོམ་པ་གཉིས་པ། ཉེས་ཅན་པས་ཨང་གྲངས་སྒྱུར་བའི་མཉེན་ཆས་སྤྱད་དེ་རང་ཉིད་ཀྱི་ཁ་པར་ཨང་གྲངས་མཁའ་འགྲུལ་ཀུང་སིའི་གཞུང་ཕྱོགས་ཞབས་ཞུའི་ཁ་པར་ལ་བསྒྱུར་བ་དང་འབྲེལ། ལས་དོན་མི་སྣ་ཡིན་ཁུལ་བྱས་ནས། སྤ་སེ་ཉོས་པའི་འགྲུལ་པར་ཁ་པར་བརྒྱབ་པའམ་ཡང་ན།  འཕྲིན་ཐུང་བཏང་ནས་གནམ་གྲུ་འཕུར་ཐབས་བྲལ་འདུག་ཅེས་རྫུན་གཏམ་ཤོད་པ་དང་ཆབས་ཅིག གནམ་གྲུའི་དུས་ཚོད་སྒྱུར་བའམ་ཡང་ན། སྤ་སེ་བསློགས་ནས་འགྲུལ་པར་སྐྱིན་གསབ་དངུལ་ལམ་སྤ་སེའི་དངུལ་སློག་རྒྱུའི་ཁས་བླངས། 
          གོམ་པ་གསུམ་པ། འགྲུལ་པའི་ཡིད་ཆེས་ཐོབ་རྗེས། ཉེས་ཅན་པས་འགྲུལ་པར་དངུལ་ཁང་གཱ་དང་གསང་བའི་ཨང་རྟགས། དེ་བཞིན་ར་སྤྲོད་ཨང་རྟགས་སོགས་ཤོད་དགོས་པའི་རེ་བ་བཏོན་ནས་དངུལ་ཁ་བསླུས་རྒྱག་གི་ཡོད།
          དྲན་སྐུལ།
          སྤྱི་བདེ་མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱ་རྒྱུར།
          “མཁའ་འགྲུལ་ཀུང་སིའི”སྤ་སེའི་དུས་ཚོད་བསྒྱུར་བ་དང་སྤ་སེ་སློག་པའི་འཕྲིན་ཐུང་འབྱོར་སྐབས། འཕྲལ་དུ་སྤ་སེ་ཉོ་སའི་གཉེན་ཆས་ནས། དུས་གཏན་གནམ་གྲུའི་གནས་ཚུལ་ཤེས་རྟོགས་སམ་ཡང་ན་མཁའ་འགྲུལ་ཀུང་སིའི་གཞུང་ཕྱོགས་ཁ་པར་བརྒྱབ་ནས་བློ་འདྲི་བྱེད་དགོས་པ་ལས། འཕྲིན་ཐུང་ནང་གི་ཁ་པར་གཏན་ནས་རྒྱག་མི་རུང་ལ། འཕྲིན་ཐུང་ནང་གི་དྲ་ཚུགས་སུ་དེ་བས་འཛུལ་མི་རུང་།
          འགྲུལ་པ་རང་ཉིད་ཀྱི་རྒྱུ་རྐྱེན་མིན་པར། གནམ་གྲུའི་དུས་ཚོད་བསྒྱུར་བ་དང་སྤ་སེ་སློག་པའི་འགྲོ་ལུགས་གཉེར་བ་ཚང་མར་དངུལ་སྤྲོད་དགོས་མེད་ལ། དངུལ་ཁང་གི་བྱུང་འཛིན་སོགས་སྟོན་མི་དགོས།
          ཚད་ལྡན་གྱི་ཐབས་ལམ་བརྒྱུད་ནས་དུས་གཏན་གནམ་གྲུའི་གནས་ཚུལ་ཤེས་རྟོགས་བྱེད་དགོས། གནམ་གྲུའི་དུས་ཚོད་བསྒྱུར་བའི་གནས་ཚུལ་ཁ་པར་རམ་ཡང་ན། འཕྲིན་ཐུང་ནས་འགྲུལ་པར་ལན་བྱས་རུང་། འགྲུལ་པར་དངུལ་ཁང་གི་གཱ་སོགས་ཀྱི་ཆ་འཕྲིན་མཁོ་འདོན་རྩ་བ་ནས་བྱེད་དུ་འཇུག་གི་མེད།