དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

དཔྱད་གཞི་རྫུན་མ་བཟོ་མཁན་གཉིས་བརྡ་ཁྱབ་བཏང་འདུག

སྤེལ་དུས 2020-09-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལས་གཉེར་ཐོབ་ཐང་ཐོ་འགོད་ལྟེ་གནས་ཀྱིས། རིམ་པ་གཉིས་པའི་འཛུགས་སྐྲུན་པའི་ཐོ་འགོད་ལས་དོན་ལ་ཞིབ་བཤེར་བྱེད་སྐབས། བོད་ལྗོངས་ཆི་མོང་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིའི་ཝང་སི་ཧྲིས་ཡང་བསྐྱར་ཐོ་འགོད་བྱེད་སྐབས་ཐོ་འགོད་བྱས་པའི་གློག་ཤུགས་བཟོ་བཀོད་པ(གློག་མཁོ་སྤྲོད)དེ་2020ལོའི་ཟླ་7ཚེས་1ཉིན་ཧྲེན་ཀྲེན་ཧུང་དབྱི་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིར་ཐོ་འགོད་བྱས་པའི་དོན་དངོས་སྦ་གསང་བྱས་ནས། དཔྱད་གཞི་རྫུན་མ་མཁོ་འདོན་གྱིས་ཐོ་འགོད་རེ་ཞུ་བྱས་པའི་སྒྲིག་འགལ་བྱེད་སྤྱོད་ཡོད་པ་དང་། བོད་ལྗོངས་རུང་རུའེ་ཨར་ལས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ཝུའུ་ལེའི་ཡིས་ཐོག་མའི་ཐོ་འགོད་བྱེད་སྐབས། ཁོ་པས་2019ལོའི་ཟླ་4ཚེས་4ཉིན་སི་ཁྲོན་ལན་སུའོ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིར་རིམ་པ་གཉིས་པའི་བཟོ་སྐྲུན་པ་ཐོ་འགོད་བྱས་པའི་དོན་དངོས་སྦ་གསང་བྱས་པ་དང་། དཔྱད་གཞི་རྫུན་མ་མཁོ་འདོན་གྱིས་ཐོ་འགོད་རེ་ཞུ་བྱེད་པའི་སྒྲིག་འགལ་གྱི་བྱེད་སྤྱོད་ཡོད་པས། ཐོ་འགོད་ལས་གཉེར་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད།《 ཐོ་འགོད་བཟོ་སྐྲུན་མཁན་གྱི་དོ་དམ་གཏན་འབེབས》(འཛུགས་སྐྲུན་པུའི་བཀའ་རྒྱ་ཨང་153པ)ཀྱི་དོན་ཚན་སུམ་ཅུ་སོ་གསུམ་པའི་གཏན་འབེབས་ལྟར། ཝང་སི་ཧྲི་དང་ཝུའུ་ལེའི་ལ་རིམ་པ་གཉིས་པའི་བཟོ་བཀོད་པར་ཐོ་འགོད་བྱེད་མི་ཆོག་པ་དང་། ཁོ་གཉིས་ཀྱིས་མི་བདེན་རྫུན་སྒྲིག་བྱས་པའི་བྱེད་སྤྱོད་ལ་བརྡ་ཁྱབ་གཏོང་རྒྱུ་དང་ཆབས་ཅིག རིམ་པ་གཉིས་པའི་བཟོ་སྐྲུན་པའི་དོ་དམ་ཁོངས་གཏོགས་ཀྱིས《རིམ་པ་གཉིས་པའི་བཟོ་སྐྲུན་པ་ཐོ་འགོད་བྱེད་མི་ཆོག་པའི་གསལ་བཤད་ཡི་གེ》གཤམ་སྤྲོད་བྱས་པ་ནས་བཟུང་། ལོ་གཅིག་ནང་གོང་གསལ་གྱི་མི་སྣའི་ཐོ་འགོད་རེ་ཞུ་བདག་སྤྲོད་བྱ་རྒྱུ་མིན་ལ། ཝང་སི་ཧྲི་དང་ཝུའུ་ལེའི་གཉིས་ཀྱི་བྱེད་སྤྱོད་ངན་པ་འདི་རྒྱལ་ཡོངས་ཀྱི་ཨར་སྐྲུན་ཁྲོམ་རའི་ལྟ་འདོམས་སྤྱི་པའི་ཞབས་ཞུའི་ལས་སྟེགས་སུ་ཡོངས་བསྒྲགས་བྱས་པ་རེད།