དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཁ་པར་འདི་འབྱོར་ཚེ། ཡིན་གཅིག་བླངས་ན་མ་གཏོགས……

སྤེལ་དུས 2020-09-22 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཉེ་དུས་གྲོང་མི་ཞིག་ལ་ཁ་པར་ཨང་གྲངས“96110”བྱས་པ་ཞིག་སླེབས་པར། ཁོ་པས་ཁ་བསླུས་རྒྱག་མཁན་གྱི་ཁ་པར་རེད་སྙམ་ནས་ལེན་མེད། དོན་དུ་བདེན་རྫུན་དབྱེ་བ་མི་འབྱེད་པར་འདི་ལྟར་བྱས་ཚེ་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད་འདུག གང་ཡིན་ཟེར་ན། ཁ་པར་དེ་སླེབས་དུས་ཁྱེད་ལ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཐེབས་བཞིན་ཡོད་པ་མཚོན་གྱི་ཡོད།
          “96110”ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་སྔོན་ཚུད་ཉེན་བརྡ་གཏོང་བ་དང་། བཀག་སྡོམ་བསླབ་བྱ་བྱེད་པ། བློ་འདྲི་བྱེད་པ་བཅས་ཀྱི་ཁ་པར་ཞིག་ཡིན་ཞིང་། དེར་མིག་སྔར་གཙོ་བོའི་ཞབས་ཞུའི་ནུས་པ་ཆེན་པོ་གསུམ་ལྡན་པ་སྟེ། 

          01 བཀག་སྡོམ་བསླབ་བྱ།
          ཁྱེད་ལ“96110”གི་ཁ་པར་འདི་འབྱོར་ཚེ། ཁྱེད་དང་ཡང་ན་ཁྱེད་རང་གི་ནང་མིར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་བཞིན་ཡོད་པ་དང་། ཡང་ན་ཁ་བསླུས་ཐེབས་སླ་བའི་ཉེན་ཆེའི་མི་ཚོགས་ཀྱི་ཁོངས་སུ་གཏོགས་པ་གསལ་བཤད་ཐུབ་ཀྱི་ཡོད།
          02 བློ་འདྲི།  
          གལ་ཏེ་གྲོང་མིར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་པའི་དོགས་འཆར་ཡོད་ཚེ། ཁ་པར་འདི་བརྒྱབ་ནས་བློ་འདྲི་བྱེད་ཆོག
          03 ཐེར་འདོན། 
          གལ་ཏེ་གྲོང་མིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཤེས་རྟོགས་ཐུབ་ཚེ། ཆེད་སྤྱོད་ཁ་པར་དེ་བརྒྱུད་ཐེར་འདོན་བྱེད་ཆོག 
          ཁྱེད་ཚོས་ཤེས་སམ། མང་ཚོགས་ལ་དུས་ཐོག་ཏུ་བཀག་སྡོམ་བསླབ་བྱ་བྱས་ནས་མགོ་སྐོར་ལ་མི་ཐེབས་པ་བྱ་ཆེད། ཁ་བསླུས་འགོག་རྒོལ་གྱི་མི་དམངས་ཉེན་རྟོག་པས་དོ་བདག་ལ་ཁ་པར་བརྒྱབ་ནས་ཡང་ནས་ཡང་དུ་དྲན་སྐུལ་བྱེད་ཀྱི་ཡོད། འོན་ཀྱང་གྲོང་མི་འགའ་ཤས་ཁྲམ་པའི་མགོ་སྐོར་འོག་ཏུ་ཚུད་ནས་མི་དམངས་ཉེན་རྟོག་པའི་བཀག་སྡོམ་བསླབ་བྱར་མི་ཉན་པ་མ་ཟད། མི་དམངས་ཉེན་རྟོག་པ་ཁྲམ་པར་བརྩིས་ནས་ཤ་ཚའི་བསླབ་བྱ་རྣ་བའི་རྒྱབ་ཀྱི་རླུང་བུར་བཏང་སྟེ། ཁ་བསླུས་རྒྱག་མཁན་ལ་དངུལ་བསྐུར་གྱི་ཡོད་པས། མཐར་ཁ་བསླུས་ཐེབས་པ་ཚོར་རྗེས་གཞི་ནས་རྨོངས་གཉིད་ལས་སད་ཀྱི་ཡོད།  
          དྲན་སྐུལ་ཟབ་མོ་བྱ་རྒྱུར། “96110”གྱི་ཁ་པར་འབྱོར་ཚེ། ངེས་པར་དུ་ལེན་དགོས།