དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

སྨན་ཟ་དུས་ཡི་གེ་འདི་དག་ཡོད་ན་ཡིད་གཟབ་གྱིས། ལྷག་པར་དུ་ཕྲུ་གུར་……

སྤེལ་དུས 2020-11-19 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ན་དུས་སྨན་བཟས་ནས་དྲག་ཐབས་བྱེད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། འོན་ཀྱང་ཁྱེད་ཀྱིས་སྨན་གྱིས་གཟུགས་པོར་གནོད་མིན་ལ་དོ་སྣང་བྱེད་ཨེ་མྱོང་།
          སྨན་ཉོ་སྐབས་དང་གཏོང་སྐབས་ཕུའུ(扑)དང་།རྨེན(敏)པེན(苯)ལིན(啉) མཱ(麻) མེ(美)ཨན(氨)ཧྥན(酚)བཅས་ཡི་གེ་བརྒྱད་པོ་འདི་དག་ཡོད་ན་ཡིད་གཟབ་བྱེད་དགོས། 
          དང་པོ། ལུས་པེན་ན་རྨེན(氯苯那敏)དང་པེན་ཧེ་ལ་མིང(苯海拉明)སོགས་ནི་ཐལ་དྲགས་པའི་ཚོར་བ་འགོག་པའི་སྨན་ཡིན་ནའང་། དབང་རྩའི་ལྟེ་བར་ཚོད་འཛིན་བྱེད་པའི་ནུས་པ་ལྡན་པས་གཉིད་ཁུག་པ་དང་དཀའ་ལས་ཁག་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད་སྟབས། ཁ་ལོ་བས་སྨན་འདི་རིགས་གཏོང་སྐབས་ཡིད་གཟབ་བྱེད་དགོས།
          གཉིས་པ། མ་ཏིང་ལིན(吗丁林)དང་ལུ་ཏེ་ལིན(路得啉)སོགས་ཀྱི་གྲུབ་ཆ་གཙོ་བོ་ནི་ཏོ་ཕན་ལི་དུང(多潘立酮)ཡིན་ཞིང་། དེས་སྙིང་གི་འཕར་ཚད་རྒྱུན་གཏན་མ་ཡིན་པའི་སྣང་ཚུལ་ཐོན་གྱི་ཡོད་པས། སྙིང་ནད་ཡོད་མཁན་གྱིས་སྨན་འདི་རིགས་གཏོང་སྐབས་ཡིད་གཟབ་བྱེད་དགོས།
          གསུམ་པ། མེ་ཕུ་འོད་མ(美扑伪麻片)དང་འོད་མ་ན་མིན(伪麻那敏片)གྱི་མ(麻)ནི་མ་ཧོང་ཅན(麻黄碱)འདུས་པར་ཟེར་ཞིང་། དེས་ཁྲག་རྩ་ཁུམ་གྱི་ཡོད་པས། ཁྲག་ཤེད་མཐོ་བ་དང་སྙིང་གཟེར་རྒྱག་མཁན་སོགས་ཀྱིས་སྤྱད་ན་འཚམ་པོ་མེད་སྟབས། སྙིང་གཟེར་རྒྱག་མཁན་གྱིས་སྨན་འདི་རིགས་གཏོང་སྐབས་ཡིད་གཟབ་བྱེད་དགོས།
          བཞི་པ། ཡོ་མེ་ཧྲ་ཧྥན(右美沙芬)ནི་ནད་ཐོག་སྨན་བཅོས་ལ་རྒྱུན་དུ་སྤྱོད་པའི་གློ་སྨན་གྱི་གྲས་ཤིག་ཡིན་ཞིང་། གྲུབ་ཆ་འདི་འདུས་པའི་སྨན་མང་ཆེ་བར་ཡི་གེ་མེ(美)ཞེས་པ་འདི་ཡོད་སྟབས། ལུད་པ་མང་མཁན་གྱིས་སྨན་འདི་རིགས་ལ་ཡིད་གཟབ་བྱེད་དགོས།
          ལྔ་པ། ཡི་ཤན་ཨན་ཅི་ཧྥན(乙酰氨基酚 扑热息痛)ནི་རྒྱུན་དུ་ཚ་བ་གཅོག་པ་དང་གཟུགས་གཟེར་འཇོམས་པར་སྤྱོད་ཀྱི་ཡོད་ནའང་སྨུག་པོའི་ནད་ཕོག་མཁན་གྱིས་གཏོང་སྐབས་ཁྲག་དོན་པའི་ཉེན་ཁ་ཡོད་པས་སྨུག་པོའི་ནད་ཕོག་མཁན་གྱིས་སྨན་འདི་རིགས་ལ་ཡིད་གཟབ་བྱེད་དགོས།
          བྱིས་པར་སྨན་སྟེར་སྐབས་དེ་བས་ཡིད་གཟབ་བྱེད་དགོས།
          ལོ་ཚད་མི་འདྲ་བར་ཚ་བ་གཅོག་པའི་སྨན་སྟེར་སྐབས་སྨན་ནུས་ལ་གཞིགས་ནས་སྟེར་དགོས། 
          ཚ་བ་གཅོག་པའི་སྨན་བརྗེ་རེས་བྱས་ནས་སྟེར་མི་ཉན། 
          རང་དགར་དུག་སྲིན་འགོག་སྨན་སྟེར་མི་ཉན། 
རྩོམ་སྒྲིག་པ། བདེ་སྒྲོལ།