དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

བུད་མེད་ཅིག་གི་སྒོར་ཁྲི་20ཁ་བསླུས་ཤོར་བས་སྟག་རྩེའི་ཉེན་རྟོག་ཕྱོགས་ཀྱིས་ལེ་དབར་ཁྲི་ཡི་སར་བསྐྱོད་དེ་བླངས་པ།

སྤེལ་དུས 2020-12-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི“སྤྲིན་གྲི —2020ལོའི”བྱ་སྤྱོད་སྤེལ་ཚུན། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྤྱི་བདེ་ཅུས་ཀྱི་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཡུན་ནན་དང་། ཅང་ཤིས། ཀྲེ་ཅང་། སི་ཁྲོན་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་བསྐྱོད་ནས་མང་ཚོགས་ལ་ཁ་བསླུས་ཐེབས་པའི་མ་དངུལ་སྒོར་ཁྲི་7.03བདེ་བླག་ངང་བླངས་པ་རེད།
          1དྲ་རྒྱའི་ཁ་བསླུས། སྒོར་ཁྲི་20ལྷག་ཙམ་ཁག་དབྱེ་ནས་བསྒྱུར་བ།
          ཉེ་ཆར། སྟག་རྩེ་ཆུས་སུ་སྡོད་མཁན་ཨ་ཅག་བདེ་ལགས་སྟག་རྩེ་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་བྲེལ་འཚུབ་ཆེན་པོས་ཡོང་ནས་མིག་ཆུ་འཁོར་བཞིན་རང་ཉིད་ཀྱི་སྒོར་ཁྲི་20ལྷག་ཙམ་ཁ་བསླུས་ཐེབས་ལུགས་བརྗོད། ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་རྒྱུ་མཚན་དྲིས་པ་བརྒྱུད་གཞི་ནས་གནད་ལུགས་ཀྱི་རྒྱུད་རིམ་ཧྲིལ་པོ་ཤེས་རྟོགས་བྱུང་ཡོད།
          2019ལོའི་ཟླ་1ཚེས་3ཉིན། ཨ་ཅག་བདེ་ལགས་ཀྱིས་སྤྱི་ཚོགས་འབྲེལ་བའི་མཉེན་ཆས་ཐོག་ནས་མིང་ལ“མིག་མདུན་གྱི་མི་ལ་གཅེས་སྤྲས་བྱེད”ཅེས་པའི་དྲ་གྲོགས་ཞིག་ངོ་ཤེས་རྗེས་ཕན་ཚུན་སྐད་འཕྲིན་གྱི་གྲོགས་པོའི་ནང་བཅུག་པ་མ་ཟད། ཕར་ཕྱོགས་ཀྱིས་རང་ཉིད་ལ་ཞོར་ལས་ཤིག་ཡོད་པ་དེས་མྱུར་དུ་དངུལ་མང་པོ་རག་གི་ཡོད་ལུགས་ཀྱང་ངོ་སྤྲོད་བྱས། ཨ་ཅག་བདེ་ལགས་ཀྱིས་ཆ་རྒྱུས་མེད་པའི་མི་དེའི་སྐད་ཆར་ཡིད་ཆེས་བྱས་ཏེ་ཐོག་མར་ཚོད་ལྟ་དང་བཅས་སྒོར་500བསྒྱུར་བས་ཡུན་རིང་མ་སོང་བར་སྒོར་500མ་སྐྱེད་གཉིས་བསྡོམས་ངང་ཕྱིར་སློག་བྱུང་། དེ་རྗེས་ཀྱི་མ་འཇོག་ཁ་ཤས་ཁྲོད་ཨ་ཅག་བདེ་ལགས་ཀྱི་མ་འཇོག་གྲངས་འབོར་ཇེ་མང་དུ་སོང་བ་དང་བསྟུན་ཁེ་སྤོགས་ཀྱང་ཇེ་མང་དུ་སོང་ཡོད།
          ཨ་ཅག་བདེ་ལགས་གློ་བུར་དུ་ཁེ་སྤོགས་མང་པོ་བྱུང་བར་མགོ་འཁོར་ཐེབས་ཏེ་ཕ་རོལ་པོའི་གཡོ་འོག་ཏུ་ཚུད་པ་དང་། མཐར་ཁོ་མོས་ཕ་རོལ་པོར་དངུལ་ཁང་གཱ་མཁོ་འདོན་གྱིས་སྒོར་ཁྲི་20ལྷག་ཙམ་ཁག་ཐེངས་དབྱེ་ནས་བསྒྱུར་ཏེ་མ་འཇོག་བྱས། ཨ་ཅག་བདེ་ལགས་ཀྱིས་ཁེ་སྤོགས་ཆེན་པོ་རག་རྒྱུའི་རྨི་ལམ་སྐྱིད་པོ་བཏང་རུང་མཐར་གང་འདྲ་བྱས་རུང་དངུལ་ལེན་ཐབས་བྲལ། སྐབས་དེར་ཕ་རོལ་པོ་དང་འབྲེལ་གཏུག་བྱེད་སྐབས་ཕ་རོལ་པོས་རྒྱུ་རྐྱེན་སྣ་ཚོགས་ལ་ཁ་གཡར་ཏེ་ཨ་ཅག་བདེ་ལགས་ལ་མ་འཇོག་ཇེ་མང་དུ་གཏོང་དགོས་ལུགས་བརྗོད་པ་དང་ཆབས་ཅིག ཁག་ཐེག་དངུལ་ཡང་སྤྲོད་དགོས་ལུགས་བརྗོད་པས་ཁོ་མོས་རང་ཉིད་མགོ་སྐོར་འོག་ཚུད་པ་ཤེས་ཏེ་མྱུར་དུ་ཉེན་རྟོག་པར་སྙན་སེང་ཞུས།
          2རྒྱུ་མ་ཕུ་འདེད། མི་དམངས་ཉེན་རྟོག་པས་མ་དངུལ་བསྒྱུར་ཕྱོགས་གསལ་རྟོགས་བྱས་པ།
          གྱོད་འབྲེལ་མ་དངུལ་ཅུང་མང་བས་སྟག་རྩེ་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་དུ་ཅུས་ཏང་ཨུད་དང་འགོ་ཁྲིད་གཙོ་བོར་གྱོད་དོན་སྙན་སེང་ཞུས་པས། གོང་རིམ་གྱིས་གྱོད་གཞི་དེའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་ཡང་བཙུགས་པ་རེད། སྟག་རྩེ་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གྱོད་འབྲེལ་རྩིས་ཐོའི་ཨང་གྲངས་འཕྲལ་དུ་མཚམས་འཇོག་བྱེད་རྩིས་བྱས་ཀྱང་ཨ་ཅག་བདེ་ལགས་ཀྱིས་ཕ་རོལ་པོར་དངུལ་བསྒྱུར་ནས་ཡུན་རིང་སོང་བ་མ་ཟད། གྱོད་འབྲེལ་གཱ་ནང་སྒོར་མོ་ཁ་ཤས་ལས་ལྷག་མེད། ཞིབ་ཕྲའི་དངུལ་སྒྱུར་རྩིས་ཁྲ་བཤེར་བ་བརྒྱུད་དངུལ་ཕལ་ཆེ་བ་བསྒྱུར་ཟིན་པ་ཤེས་རྟོགས་བྱུང་།
          ཨ་ཅག་བདེ་ལགས་ཀྱིས་མཁོ་འདོན་བྱས་པའི་ཁུངས་སྣེ་ཐར་ཐོར་ལ་གཞིགས་ཏེ། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་དངུལ་ཁང་གཱ་དེའི་མ་དངུལ་འཁོར་རྒྱུག་ལ་གསེད་བཀྲོལ་བྱས་ནས་རྩིས་ཁྲ་བསྒྱུར་བའི་ཆ་འཕྲིན་རེ་རེ་བཞིན་དབྱེ་ཞིབ་བྱས་པ་དང་། དངུལ་ཁང་གཱ་ཡི་ཨང་གྲངས་བརྒྱ་ལྷག་ཙམ་དང་མ་དངུལ་གྱི་བསྒྱུར་ཕྱོགས་སྟོང་ཕྲག་འགའི་མདུན་དུ་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གིས་གྱོད་དོན་དབྱེ་ཞིབ་ཚོགས་འདུ་ཐེངས་མང་འཚོགས་ཏེ། མ་དངུལ་བསྒྱུར་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་བྱས་པས་ཁ་བསླུས་རྒྱག་མཁན་ནག་ཚང་དེ་མངའ་ཁོངས་ཕྱིའི་འབར་མ་དང་ཝེ་ཐེ་ནམ་སོགས་སུ་གནས་པ་དང་། ཁ་བསླུས་ཐེབས་པའི་དངུལ་དག་ཡུན་ནན་ཞིང་ཆེན་ཕུའུ་ཨར་གྲོང་ཁྱེར་མོང་ལེན་རྫོང་དང་ལན་ཚང་རྫོང་གི་ལི་ཆེ་གེ་མོ་དང་། དབྱང་ཆེ་གེ་མོ། དེ་བཞིན་ཅང་ཤིས་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་ཤིའུ་ཧྲུའེ་རྫོང་དང་ཏེ་ཨན་རྫོང་གི་མི་མང་པོའི་རྩིས་ཐོའི་ནང་འབྱོར་བ་ཤེས་རྟོགས་བྱུང་ཡོད།
          དངུལ་ཁང་གི་རྩིས་ཐོའི་ཆ་འཕྲིན་དང་དངུལ་ལེན་མཁན་གྱི་དངུལ་ལེན་ཟིན་ཐོར་གཞིགས་ཏེ། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཁ་བསླུས་ངོ་རྒོལ་ལྟེ་གནས་སུ་བསྐྱོད་དེ། སྔར་བས་ཞིབ་འཇུག་བརྡར་གཅོད་བྱས་པ་དང་གོང་རིམ་ལས་སྒོའི་སྡེ་ཚན་གྱི་མཛུབ་ཁྲིད་འོག ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་གྱོད་དོན་ཞིབ་དཔྱད་མི་དམངས་ཉེན་རྟོག་པས་ཡུན་ནན་དང་། ཅང་ཤིས། ཀྲེ་ཅང་། སི་ཁྲོན་སོགས་སུ་བསྐྱོད་ནས་བདའ་འདེད་ལས་དོན་སྤེལ་བ་རེད།
          3ལེ་དབར་ཁྲི་ཡི་རྩད་གཅོད། ཕྱོགས་མང་པོའི་འབད་བརྩོན་འོག་དངུལ་ལེན་ཐུབ་པ།
          ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་འགོ་ཁྲིད་ཀྱི་མངགས་བཅོལ་ཟབ་མོ་དང་མང་ཚོགས་ཚོའི་རེ་སྒུག་ཆེན་པོའི་འོག ཡུན་ནན་དང་ཅང་ཤིས་ཞིང་ཆེན་སོགས་སུ་བསྐྱོད་དེ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་ཤིང་། དེ་རྗེས་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་ཡུན་ནན་དང་། ཅང་ཤིས། ཀྲེ་ཅང་། སི་ཁྲོན་བཅས་ཞིང་ཆེན་བཞི་དང་། གྲོང་ཁྱེར་དྲུག རྫོང་བཞི་བཅས་ལ་བསྐྱོད་དེ་ས་གནས་སོ་སོའི་ཉེན་རྟོག་ཕྱོགས་ཀྱི་རོགས་རམ་ཤུགས་ཆེན་འོག གྱོད་འབྲེལ་ཉེས་གསོག་དོགས་ཅན་4འཛིན་བཟུང་བྱས་ནས་ཨ་ཅག་བདེ་ལགས་ཀྱི་ཁ་བསླུས་ཐེབས་པའི་སྒོར་ཁྲི་17.03བདེ་བླག་ངང་ཚུར་བླངས་པ་རེད།
          ད་ཐེངས་ཀྱི་གྱོད་འབྲེལ་རྒྱུ་ནོར་ལེན་ཐུབ་པ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་དྲ་རྒྱའི་གློག་འཕྲིན་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་རྣམ་འགྱུར་དང་ཆོད་སེམས་གང་ལེགས་མངོན་ནས། གནོད་འཚེ་ཕོག་མཁན་གྱི་རྒྱུ་ནོར་གྱི་གྱོང་གུན་དུས་ཐོག་ཏུ་གསབ་པས་མང་ཚོགས་ཀྱིས་སྤྱི་བདེའི་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ཡོད།
          ཉེན་རྟོག་པའི་དྲན་སྐུལ།
          དྲ་ཐོག་གྲོགས་པོ་སྒྲིག་ནས་རྒྱན་འཛུགས་པ་དང་མ་འཇོག་ཁ་བསླུས་རྒྱག་པ་ནི་ཉེ་བའི་ལོ་གཅིག་རིང་དམར་འདོན་བྱེད་མང་བའི་ཁ་བསླུས་ཀྱི་རིགས་ཤིག་རེད། གཙོ་བོ་སྤྱི་ཚོགས་འབྲེལ་བའི་མཉེན་ཆས་དང་གཉེན་སྒྲིག་ལས་སྟེགས་སོགས་བརྒྱུད་ནས་མངོན་མེད་གནོད་འཚེ་ཕོག་མཁན་བཙལ་ཏེ་སྐད་ཆ་ཤོད་རེས་བྱེད་པ་དང་བརྩེ་དུང་ཟབ་ཏུ་གཏོང་བ་བརྒྱུད་ཡིད་ཆེས་ཐོབ་པར་བྱས་ཏེ། དེ་རྗེས་གནོད་འཚེ་ཕོག་མཁན་རྒྱན་ཤོག་དང་འབྱོར་སྐྱོང་སོགས་ཁ་བསླུས་རྒྱག་པའི་ལས་སྟེགས་ནང་བཅུག་ནས་དངུལ་བླུགས་སུ་བཅུག་རྗེས་གནོད་འཚེ་ཕོག་མཁན་གྱི་རྒྱུ་ནོར་གཡོ་ལེན་བྱེད་པའི་གཡོ་ཇུས་ཤིག་ཡིན་པས། དྲ་གྲོགས་ཚོས་དྲ་ཐོག་ནས་གྲོགས་པོ་སྒྲིག་པ་དང་དྲ་ཐོག་ནས་མ་འཇོག་བྱ་རྒྱུར་གཟབ་ནན་བྱེད་དགོས། དུས་མཚུངས། དྲ་ཐོག་དངུལ་བུན་ཁ་བསླུས་རྒྱག་པར་དམིགས་ཏེ་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས“གཱ་ཡི་ཨང་གྲངས་འབྲི་ནོར་ཤོར་བ”དང“མ་དངུལ་བེད་སྤྱོད་གཏོང་དགོས་པ”སོགས་ཀྱི་མིང་ཐོག་ནས་གྲོན་དངུལ་སྤྲོད་དགོས་པའི་རེ་བ་འདོན་པའི་ཆ་འཕྲིན་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་། དངུལ་བུན་མ་གཏོང་གོང་སྔོན་ལ་གྲོན་དངུལ་བསྡུ་མཁན་ཚང་མ་ཁྲམ་པ་རེད། ཚད་ལྡན་གྱི་དངུལ་བུན་ལས་སྟེགས་ཡིན་ཚེ་དངུལ་བུན་མ་གཏོང་གོང་གྲོན་དངུལ་གང་ཡང་ལེན་མི་སྲིད་པ་མ་ཟད། ཁག་ཐེག་དངུལ་དེ་བས་ལེན་མི་སྲིད། ཚད་ལྡན་གྱི་དངུལ་བུན་ལས་སྟེགས་ཀྱིས་དུས་འགོའི་འགྲོ་གྲོན་གང་ཡང་ལེན་གྱི་མེད་པས་མང་ཚོགས་རྣམས་ཀྱིས་ཡིད་གཟབ་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།