དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ན་སོ་དར་ལ་མ་བབས་པའི་མིར་ཐ་མག་དང་ཨ་རག་བཙོངས་ན་ཁྲིམས་ལས་འགལ་བ་རེད་དམ།

སྤེལ་དུས 2020-12-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད། ཉེ་དུས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་བཞི་པས“ན་སོ་དར་ལ་མ་བབས་པའི་མིར་ཐ་མག་དང་ཨ་རག་བཙོངས་ན་ཁྲིམས་འགལ་ཡིན་མིན”བརྗོད་དོན་གཙོ་བོར་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཉེ་འགྲམ་གྱི་སྒེར་གྱི་ཚོང་དུད་དང་། གྲོང་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས། ཐ་མག་དང་ཨ་རག་སིལ་འཚོང་ཁང་བཅས་སུ་ཁྲིམས་ལས་འགལ་ནས་ཐ་མག་དང་ཨ་རག་འཚོང་མིན་ལ་འཐེན་བཤེར་བྱས་པ་རེད།
            བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར། སྒོ་རྩིས་ཚོང་ཁང་དང་ཐ་མག་དང་ཨ་རག་སིལ་འཚོང་ཁང་32ཀྱིས་མངོན་གསལ་དོད་སར“ན་སོ་དར་ལ་མ་བབས་པའི་མིར་ཐ་མག་དང་ཨ་རག་འཚོང་མི་ཆོག”པའི་མཚོན་རྟགས་བསྒར་མེད་པ་དང་། སློབ་གྲྭའི་ཉེ་འཁོར་གྱི་ཚོང་དུད་5ཡིས་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་ལས་འགལ་ནས་ཐ་མག་དང་ཨ་རག་བཙོངས་པ། སྒེར་གྱི་ཚོང་དུད་2ཀྱིས་ལག་ཁྱེར་མེད་པར་ཐ་མག་དང་ཨ་རག་འཚོང་བ་བཅས་ཀྱི་གནས་ཚུལ་ཡོད་པ་རེད། གནད་དོན་དེ་དག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྡོ་ཐ་ཆེད་འཚོང་གི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཡོད་པ་རེད།
            ན་སོ་དར་ལ་མ་བབས་པའི་མིར་ཐ་མག་འཐེན་དུ་མི་བཅུག་པ་དང་ཨ་རག་འཐུང་དུ་མི་བཅུག་པ་ནི་མིག་སྔའི་རང་ལྗོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་གཙོ་བོ་ཞིག་ཡིན་ལ་ཐ་མག་དང་ཨ་རག་གིས་ན་སོ་དར་ལ་མ་བབས་པའི་མིར་བཟོས་པའི་གནོད་འཚེ་ནི་སྣང་ཆུང་བྱེད་མི་ཉན་པ་ཞིག་ཀྱང་རེད།
            གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་དང་མི་རིགས་ཀྱི་རེ་བ་ཡིན་པས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐུགས་ཁུར་དང་དོ་ཁུར་བྱེད་རྒྱུ་ནི་ཞིབ་དཔྱོད་ལས་ཁུངས་དང་ཐ་ན་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡང་རེད། ད་ཐེངས་ཀྱི་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་གནད་དོན་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་བཞི་པས་ན་སོ་དར་ལ་མ་བབས་པའི་མིའི་གྱོད་གཞིའི་ཁུངས་སྣེ་གཞིར་བཟུང་། ཚོད་ལྟའི་ལས་དོན་གྱི་འབྲེལ་ཡོད་བླང་བྱ་བཟོས་ཏེ་འཕྲལ་མར་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཐོག་ནས་གྱོད་ཐོ་བཀོད་པ་དང་། ད་དུང་འབྲེལ་ཡོད་སྲིད་འཛིན་ཁྲིམས་འཛིན་སྡེ་ཚན་དང་འབྲེལ་བ་བྱས་ཐོག ཞུ་གཏུག་གོང་གི་ཞིབ་དཔྱོད་གྲོས་འགོ་བཏོན་ནས་རང་ལྗོངས་ཀྱི་ཐ་མག་དང་ཨ་རག་འཚོང་བའི་ཁོར་ཡུག་སྔར་བས་གཙང་སེལ་དང་ལེགས་སུ་བཏང་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་ན་སོ་དར་ལ་མ་བབས་པའི་མིར་དེ་བས་བདེ་ཐང་གི་འཚར་ལོངས་ཁོར་ཡུག་བསྐྲུན་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།