ཚེ་གང་རླངས་འཁོར་གཏོང་མི་ཆོག་པའི་མིང་ཐོའི་ནང་ཁྱེད་རང་འདུག་གམ།
སྤེལ་དུས 2020-12-21
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
རྒྱ་ཆེའི་ཁ་ལོ་བ་རྣམས་ལ་ཉེན་བརྡ་དང་། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་བ། འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་གཙང་སེལ་བྱེད་པ་བཅས་ཀྱི་ཆེད་དུ། ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་ཚེ་གང་རླངས་འཁོར་གཏོང་མི་ཆོག་པའི་མིང་ཐོ་ཞིག་ཡོངས་བསྒྲགས་བྱས་འདུག
གཤམ་གྱི་གནས་ཚུལ་འདིའི་རིགས་ཐོན་མཁན་གྱིས་ཚེ་གང་ཁ་ལོ་བའི་ལག་ཁྱེར་ལེན་མི་ཆོག་པར་གཏན་འབེབས་བྱས་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་དགུ་བཅུ་གོ་གཅིག་པའི་ནང་། ཆང་བཏུངས་པ་དང་ར་བཟི་ནས་རླངས་འཁོར་བཏང་སྟེ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པའི་ཉེས་པ་གྲུབ་ཚེ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་མ་ཟད། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ཚན་པས་ཁ་ལོ་བའི་ལག་ཁྱེར་ཕྱིར་བསྡུ་རྒྱུ་དང་། ཚེ་གང་ཁ་ལོ་བའི་ལག་ཁྱེར་ལེན་མི་ཆོག་པར་གཏན་འབེབས་བྱས་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་མེད་གཅིག་ནང་། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ཏེ། འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པའི་ཉེས་པ་གྲུབ་ཚེ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་མ་ཟད། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ཚན་པས་ཁ་ལོ་བའི་ལག་ཁྱེར་ཕྱིར་བསྡུ་རྒྱུ་དང་། ཚེ་གང་ཁ་ལོ་བའི་ལག་ཁྱེར་ལེན་མི་ཆོག་པར་གཏན་འབེབས་བྱས་ཡོད།
རྒྱ་ཆེའི་ཁ་ལོ་བས་གོང་གི་གནས་ཚུལ་དེ་བསླབ་བྱར་བཟུང་ནས་ཡ་རབས་ཀྱི་རླངས་འཁོར་བཏང་སྟེ། བདེ་འཇགས་དང་། ཤར་གཏོང་། ཡ་རབས། ཞི་མཐུན་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཅིག་བསྐྲུན་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།