དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

གཞན་ལ་ཆགས་སྲེད་ཀྱི་གཏམ་བཤད་ན་ཁྲིམས་འགལ་ཡིན།​(2)

སྤེལ་དུས 2021-01-29 ཡོང་ཁུངས། ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།
           (ཁག་གཉིས་པ)
           གྱོད་དཔེ། 
           བཅུ་དྲུག་ལང་ཚོའི་ཆ་ཡོངས་སུ་རྫོགས་པའི་བུ་མོ་ཟླ་སྒྲོན་གྱིས་ན་ནིང་གི་ཟླ6པར་ཀུང་སི་ག་གེ་མོར་རྒྱུགས་འཕྲོད་པ་དང་། བྱ་བ་བསྒྲུབས་ནས་ཟླ3ལྷག་འགོར་རྗེས། རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ནམ་རྒྱུན་ཁོ་མོའི་གདོང་ལ་སུན་སྣང་དང་སྡུག་ཡུས་ཀྱིས་ཁེངས་འདུག  མ་གཞིར་སྤྱི་གཉེར་བས་ཀུང་སིའི་ལས་ཀའི་ཆེད་དུ། བུ་མོ་ཟླ་སྒྲོན་མགྲོན་པོ་སྣེ་ལེན་དུ་འཁྲིད་ཀྱིན་ཡོད་ལ། མཚམས་ལན་རེར་དགོང་མོའི་གསོལ་སྟོན་སོགས་སུ་ཁྲིད་དེ་མཉམ་དུ་ཆང་འཐུངས་རྗེས། སྐྱེས་པ་རེ་འགས་འདོད་ལོག་གི་བྱ་སྤྱོད་ཀྱང་སྤེལ་མྱོང་། དེར་མ་ཟད་སྤྱི་གཉེར་བས་བུ་མོ་ཟླ་སྒྲོན་ལ་ཁྱིམ་ཚང་དང་ཁྱོ་ག  བྱིས་པ་བཅས་ཡོད་པར་ཐེ་གཏོགས་སྤུ་ཙམ་ཡང་མི་བྱེད་པར་ཐེངས་གང་མང་ལ་གཞུང་དོན་དུ་ཕྱི་ཕྱོགས་སུ་འཁྲིད་ཀྱིན་ཡོད། 
           ཕྲན་དཔྱད།
           དམངས་དོན་ཁྲིམས་གཞུང་གི་དོན་ཚན1010པའི་གཏན་འབེབས་ལྟར་ན། “མི་གཞན་འཐད་པ་ཡིན་མིན་ལ་མི་བལྟ་བར། སྐད་ཆ་དང་བྱ་སྤྱོད་སོགས་ཀྱི་ལམ་ནས་གང་འདོད་དུ་གཞན་ལ་ཆགས་སྲེད་ཀྱི་བྱ་སྤྱོད་སྤེལ་ཚེ། གནོད་འཚེ་ཕོག་མཁན་གྱིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ཆོག་ལ། ལས་ཁུངས་དང་ཁེ་ལས། སློབ་གྲྭ་ལ་སོགས་པའི་སྡེ་ཁག་གིས་ལུགས་མཐུན་སྒོས་སྔོན་འགོག་གམ་གཏུག་བཤེར་རམ་ཡང་ན་བརྟག་དཔྱད་ཐག་གཅོད་བྱས་ཆོག་པ་དང་། འགན་དབང་སྤྱོད་པའམ་ཁོངས་གཏོགས་འབྲེལ་བ་སྤྱད་དེ་ཆགས་སྲེད་བྱ་སྤྱོད་སྤེལ་བའི་རིགས་གཏན་འགོག་གམ་སྔོན་འགོག་བྱ་དགོས”ཞེས་བཀོད་ཡོད། 
           གོང་གི་གྱོད་དཔེར་གཞིགས་ཏེ། གནོད་འཚེ་ཕོག་མཁན་བུ་མོ་ཟླ་སྒྲོན་གྱི་ངོས་ཐད་ནས་བཤད་ན། དོན་དག་དེ་ལྟ་བུར་འཕྲད་ཚེ་ཁས་མ་བླངས་ན་ཆོག་པར་མ་ཟད་རེ་འདུན་ཞུས་ཆོག་ལ་གཏུག་བཤེར་བྱས་ཀྱང་ཆོག  ཐ་ན་ཞུ་གཏུག་བྱས་ཏེ་སྤྱི་གཉེར་བ་ལ་དམངས་དོན་ཁྲིམས་གཞུང་གི་དོན་ཚན995པའི་གཏན་འབེབས་ལྟར་དུ་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ཡང་ཆོག  གནས་ཚུལ་ཚབས་ཆེན་དང་འཕྲད་ཚེ། དམངས་དོན་ཁྲིམས་གཞུང་གི་དོན་ཚན997པའི་གཏན་འབེབས་ལྟར་དུ་བསྒྲུབ་ཆོག་གོ །
རྩོམ་སྒྲིག་པ། བདེ་སྒྲོལ།