དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

སློབ་གསོ་པུས་སློབ་གྲྭ་ཆུང་བའི་སྦྱོང་ཚན་དང་བདེ་ཐང་སོགས་ཀྱི་སྐོར་ལ་བླང་བྱ་གསར་པ་བཏོན་འདུག

སྤེལ་དུས 2021-02-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཟླ་2པའི་ཚེས་4ཉིན། སློབ་གསོ་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག་སྤྱི་ཟླ་དང་པོའི་ཚེས་7ཉིན་སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་2021ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཡོངས་བསྒྲགས་བྱས་ཡོད། ལོ་གསར་པའི་ནང་། སློབ་གསོ་པུས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྦྱོང་ཚན་དང་། གཉིད་ཉལ་རྒྱུ། ལག་ཐོགས་ཁ་པར། ཀློག་དེབ། གཟུགས་གཞི་བཅས་ཀྱི་ཐད་དོ་དམ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱ་རྒྱུ་ཡིན་པ་རེད། སྦྱོང་ཚན་མང་ཉུང་ཐད། ཁྲེན་པའོ་ཧྲེང་གིས། སློབ་ཆུང་སློབ་མའི་སྦྱོང་ཚན་ངེས་པར་དུ་སློབ་གྲྭའི་ནང་དུ་འགྲུབ་ཚར་བ་དང་། དམའ་འབྲིང་སློབ་མའི་སྦྱོང་ཚན་རྩ་གནད་ཀྱི་གཏན་འབེབས་ལས་བརྒལ་མི་རུང་བ། མཐོ་འབྲིང་སློབ་མའི་སྦྱོང་ཚན་མཚམས་ལས་མི་བརྒལ་བ་བྱེད་དགོས། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གཉིད་ཉལ་བའི་དུས་ཚོད་ཀྱང་ལྟ་ཞིབ་ཚད་ལེན་དང་དཔྱད་ཞིབ་བྱ་ཡུལ་དུ་འཇུག་དགོས་ཞེས་བླང་བྱ་ཁ་གསལ་བཏོན་ཡོད།

          སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྦྱོང་ཚན་དང་། གཉིད་ཉལ་རྒྱུ། ལག་ཐོགས་ཁ་པར། ཀློག་དེབ། གཟུགས་གཞི་བཅས་ལ་དོ་དམ་ཡག་པོ་བྱ་རྒྱུ་ནི་2021ལོའི་སློབ་གསོ་པུའི་གཙོ་གནད་ལས་དོན་ཞིག་ཡིན། ཁྲེན་པའོ་ཧྲེང་གིས། འདི་ལྔ་པོར་དོ་དམ་བྱ་རྒྱུ་ནི་བལྟས་ན་བྱ་བ་ཆུང་ཙག་ཡིན་ཀྱང་། འདི་དག་ཚང་མ་ནི་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་ཐུབ་མིན་དང་ཁྱོན་ཡོངས་འཕེལ་རྒྱས་ཡོང་ཐུབ་མིན་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་ལ། རྒྱ་ཆེའི་ཁྱིམ་བདག་ཚོས་སེམས་ཁྲལ་བྱེད་མང་ཤོས་ཀྱང་ཡིན་ཞེས་གསུངས་ཡོད། ཁྲེན་པའོ་ཧྲེང་གིས་ལས་དོན་འདི་ལྔ་པོའི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད་དེ།
          གཅིག སྦྱོང་ཚན་ལེགས་འགྲུབ་ཐད་ཀྱི་དོ་དམ་བྱེད་ཐབས། སློབ་ཆུང་སློབ་མའི་སྦྱོང་ཚན་ངེས་པར་དུ་སློབ་གྲྭའི་ནང་དུ་འགྲུབ་ཚར་བ་དང་། དམའ་འབྲིང་སློབ་མའི་སྦྱོང་ཚན་རྩ་གནད་ཀྱི་གཏན་འབེབས་ལས་བརྒལ་མི་རུང་བ། མཐོ་འབྲིང་སློབ་མའི་སྦྱོང་ཚན་མཚམས་ལས་མི་བརྒལ་བ་བཅས་བྱས་ཐོག  སློབ་གྲྭའི་འགན་འཁྲི་སློབ་གྲྭས་བསྒྲུབས་ཤིང་ཁྱིམ་ཚང་གི་འགན་འཁྲི་ཁྱིམ་ཚང་གིས་བསྒྲུབས་ནས། ཐུན་མོང་ཐོག་ཕྲུ་གུས་རང་ཉིད་ཀྱི་སྦྱོང་ཚན་ལེགས་འགྲུབ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          གཉིས། གཉིད་ཉལ་བའི་ཐད་ཀྱི་དོ་དམ་བྱེད་ཐབས། ཁྱིམ་ཚང་དང་སློབ་གྲྭའི་དབྱེ་མཚམས་འབྱེད་པ་དང་། སློབ་གྲྭས་སློབ་མ་སྐྱོང་སྟངས་ལ་ཞིབ་འཇུག་བྱས་ནས། སློབ་གྲྭས་ཁྱིམ་བདག་ལ་གཞོགས་འདེགས་བྱེད་ཐབས་ཞིབ་ཕྲ་འདོན་དགོས། ཀྲུང་གོའི་ཕྲུ་གུའི་འཚར་ལོངས་བརྒྱུད་རིམ་གྱི་གཉིད་ཡུན་གྱི་ཚད་གཞི་ལོངས་དགོས་པའི་བླང་བྱར་གཞིགས་ནས། ཕྲུ་གུ་ཚོ་གཉིད་འདང་ངེས་ཁུག་ཐུབ་པའི་འགན་ལེན་བྱེད་དགོས་པ་མ་ཟད་ལྟ་ཞིབ་ཚད་ལེན་དང་དཔྱད་ཞིབ་ཀྱང་བྱེད་དགོས། 
          གསུམ། ལག་ཐོགས་ཁ་པར་ཐད་ཀྱི་དོ་དམ་བྱེད་ཐབས། ལམ་སྟོན་དང་བཀག་འགོག་ཟུང་འབྲེལ་དང་བབ་བསྟུན་དོ་དམ་དང་། ཧེ་བག་ངེས་འཛིན་དང་རིགས་དབྱེ་དོ་དམ་བྱེད་དགོས། ལག་ཐོགས་ཁ་པར་སློབ་ཁང་དུ་འཁྱེར་མི་ཆོག་པ་བཟོ་བ་དང་ཆབས་ཅིག བྱ་ཐབས་སྣ་ཚོགས་བརྒྱུད་སློབ་མའི་འཕྲལ་སྡོམ་ཁ་པར་རྒྱག་པའི་དགོས་མཁོ་སྐོང་ཐབས་བྱེད་དགོས། སློབ་གྲྭའི་ནང་ཆ་འཕྲིན་སྣ་ཚོགས་ཀྱིས་མི་བསླད་པར་བྱས་ནས་སློབ་སྦྱོང་གི་ཁོར་ཡུག་ཁུ་སིམ་པོ་ཞིག་བསྐྲུན་དགོས།
          བཞི། ཀློག་དེབ་ཐད་ཀྱི་དོ་དམ་བྱེད་ཐབས། སློབ་དེབ་ཕུད་པའི་ཀློག་དེབ་དང་སློབ་ཁྲིད་ཟུར་ཁྲིད་སློབ་དེབ་ལ་དོ་དམ་བྱ་རྒྱུ་དེ་ཡང་གནད་དོན་ཆེན་པོ་ཞིག་ཡིན། འོས་སྦྱོར་དཀར་ཆག་གཙོ་བོར་འཛིན་དགོས་པ་དང་། ནང་དོན་དོ་དམ་དང་འོས་སྦྱོར་བྱེད་སྟངས་ལ་དོ་དམ་བྱ་རྒྱུར་སྣང་ཆེན་བྱེད་དགོས། ཞིབ་ཕྲའི་ཀློག་དེབ་ཁྱིམ་བདག་གིས་འདེམས་ཀྱང་སློབ་གསོའི་སྡེ་ཁག་གིས་གནད་འགག་དེར་དམ་འཛིན་ཡག་པོ་བྱེད་དགོས།
          ལྔ། གཟུགས་གཞིའི་ཐད་ཀྱི་དོ་དམ་བྱེད་ཐབས། གཟུགས་གཞི་བདེ་ཐང་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་རྨང་གཞི་ཡིན། དོན་འདི་སྟབས་བདེའི་ངང་ལུས་རྩལ་སློབ་གསོ་ཙམ་ལ་གོ་མི་རུང་བར་སློབ་གྲྭའི་དོ་དམ་ནང་དོན་དུ་བརྩིས་ནས། སློབ་མའི་གཟུགས་པོའི་བྱང་ཚད་དང་སེམས་ཁམས་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།