《དམངས་དོན་ཁྲིམས་གཞུང》ལས།
གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་དམངས་དོན་དོ་བདག་གི་ཆ་ནས་ཕྱི་ཕྱོགས་དང་གན་རྒྱ་བཞག་ཆོག་གམ།
● དོན་ཚན་བརྒྱ་དང་གཅིག་གི་ནང་ཚན་དང་པོ། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ལ་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ཡོད་ལ། འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་བྱེད་སྒོ་སྤེལ་ཆོག
ཁྲིམས་ལུགས་འཆད་སྟེགས།
སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་དང་མཐུན་པའི་ཆེད་དུ། ས་གནས་སོ་སོའི་གྲོང་ཚོ་མི་ཉུང་བ་ཞིག་གིས་ཀུང་སི་ཅན་གྱི་ལམ་སྲོལ་ནང་འདྲེན་བྱས་ནས་རྣམ་པ་གསར་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྩ་འཛུགས་བཙུགས་ཡོད། 《དམངས་དོན་ཁྲིམས་གཞུང》ནང་དུ་དམིགས་བསལ་ཁྲིམས་མི་ཞེས་པའི་ལེའུ་ཞིག་དམིགས་སུ་བཟོས་ཏེ། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ལ་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ཡོད་ལ་འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་བྱེད་སྒོ་སྤེལ་ཆོག་ཅེས་གཏན་འབེབས་བྱས་ཡོད།
《དམངས་དོན་ཁྲིམས་གཞུང》ལས།
རང་བྱུང་མིར་དམངས་དོན་ཁེ་དབང་གང་དང་གང་ཡོད།
● དོན་ཚན་བརྒྱ་དང་དགུ་པ། རང་བྱུང་མིའི་མི་ལུས་རང་དབང་དང་། མི་གཞི་དང་ལ་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།
● དོན་ཚན་བརྒྱ་དང་བཅུ་པའི་ནང་ཚན་དང་པོ། རང་བྱུང་མིར་ཚེ་སྲོག་གི་ཁེ་དབང་དང་ལུས་ཕུང་གི་ཁེ་དབང་། བདེ་ཐང་གི་ཁེ་དབང་། རུས་མིང་གི་ཁེ་དབང་། འདྲ་བརྙན་གྱི་ཁེ་དབང་། མིང་གྲགས་ཀྱི་ཁེ་དབང་། མཚན་སྙན་གྱི་ཁེ་དབང་། སྒེར་གསང་གི་ཁེ་དབང་། གཉེན་སྒྲིག་རང་མོས་ཀྱི་ཁེ་དབང་སོགས་ཁེ་དབང་སྤྱོད་རྒྱུ་ཡོད།
● དོན་ཚན་བརྒྱ་དང་བཅུ་གསུམ་པ། དམངས་དོན་བྱེད་པོའི་རྒྱུ་ནོར་གྱི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་དུ་སྲུང་སྐྱོབ་བྱེད་པ་ཡིན།
ཁྲིམས་ལུགས་ཁྱབ་གདལ་མུན་སེལ་སྒྲོན་མེ།
རང་བྱུང་མིར་ཚེ་སྲོག་གི་ཁེ་དབང་དང་ལུས་ཕུང་གི་ཁེ་དབང་། བདེ་ཐང་གི་ཁེ་དབང་། རུས་མིང་གི་ཁེ་དབང་། འདྲ་བརྙན་གྱི་ཁེ་དབང་། མིང་གྲགས་ཀྱི་ཁེ་དབང་། མཚན་སྙན་གྱི་ཁེ་དབང་། སྒེར་གསང་གི་ཁེ་དབང་། གཉེན་སྒྲིག་རང་མོས་ཀྱི་ཁེ་དབང་སོགས་ཁེ་དབང་སྤྱོད་རྒྱུ་ཡོད་པ་མ་ཟད། ད་དུང་དངོས་དབང་དང་བུན་དབང་སོགས་རྒྱུ་ནོར་གྱི་ཁེ་དབང་ཡང་སྤྱོད་རྒྱུ་ཡོད།
《དམངས་དོན་ཁྲིམས་གཞུང》ལས།
མི་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད་དམ།
● དོན་ཚན་བརྒྱ་དང་བཅུ་གཅིག་པ། རང་བྱུང་མིའི་མི་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བར་མི་གཞན་གྱི་སྒེར་གྱི་ཆ་འཕྲིན་རག་དགོས་ན། ཁྲིམས་ལྟར་རག་དགོས་པ་དང་སྦྲགས་ཆ་འཕྲིན་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ་ལས། ཁྲིམས་འགལ་གྱིས་མི་གཞན་གྱི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་། བེད་སྤྱོད། ལས་སྣོན། བརྒྱུད་གཏོང་བཅས་བྱས་མི་ཆོག་པ་དང་། ཁྲིམས་འགལ་གྱིས་མི་གཞན་གྱི་སྒེར་གྱི་ཆ་འཕྲིན་ཉོ་འཚོང་དང་། འདོན་སྤྲོད་དམ་ཕྱིར་བསྒྲགས་བྱས་མི་ཆོག
ཁྲིམས་ལུགས་ཁྱབ་གདལ་མུན་སེལ་སྒྲོན་མེ།
སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དྲ་བའི་ཆ་འཕྲིན་དུས་རབས་སུ་སླེབས་པ་དང་བསྟུན་ནས་ང་ཚོས་དྲ་སྦྲེལ་དང་སྒུལ་འཕྲིན་སྒྲིག་ཆས་ཀྱིས་ཁྱེར་ཡོང་བའི་སྟབས་བདེ་ལ་ལོངས་སྤྱོད་བྱེད་པ་དང་སྦྲགས། མི་སྒེར་གྱི་ཆ་འཕྲིན་ལ་ཁྲིམས་འགལ་གྱིས་བསྡུ་རུབ་དང་བེད་སྤྱོད། ལས་སྣོན། ཉོ་འཚོང་བཅས་བྱེད་པའི་གནས་ཚུལ་རབ་དང་རིམ་པས་འགོག་རྐྱེན་བཟོ་དང་བཟོ་བཞིན་ཡོད་ལ། མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་བྱས་ནས་དྲ་རྒྱའི་ཁ་བསླུས་རྒྱག་མཁན་དང་ཆ་འཕྲིན་ཁ་བསླུས་རྒྱག་མཁན་གྱི་གྱོད་གཞི་ཡང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། རང་བྱུང་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་སྔར་བས་ལེགས་པ་བྱེད་ཆེད། 《དམངས་དོན་ཁྲིམས་གཞུང》ནང་དུ་རང་བྱུང་མིའི་མི་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན་ཞེས་གཏན་འབེབས་བྱས་ཡོད། དེར་བརྟེན། རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་ཁྲིམས་འགལ་གྱིས་མི་གཞན་གྱི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དངརྩོམ་སྒ་བེད་སྤྱོད་བྱས།
རྩོམ་སྒྲིག་པ། མང་ག་མཚོ།