ཉེ་ཆར། གཞིས་རྩེ་འགྲིམ་འགྲུལ་ཉེན་རྟོག་མྱུར་བགྲོད་གཞུང་ལམ་རུ་ཆེན་ལ་དྲ་གྲོགས་ཤིག་གི་ཐེར་འདོན་འབྱོར་ནས། “ཟླ་11ཚེས་5ཉིན་གྱི་དགོང་མོར་ང་མོ་ཊ་བཏང་སྟེ་གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྷ་གཞིས་དུམ་བུ་བརྒྱུད་དེ་སྟག་གྲུ་ཁར་སྐྱོད་སྐབས། ཟོག་འདྲེན་རླངས་འཁོར་སྔོན་པོ་ཞིག་ལམ་ལྡོག་ནས་ཡོང་གི་འདུག་པས་ཉེན་ཁ་ཧ་ཅང་ཆེན་པོ་འདུག”ཅེས་བཤད།
འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཤེས་བྱ།
ཁ་ལོ་བ་དེའི་ཁྲིམས་འགལ་བྱེད་སྤྱོད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》གི་དོན་ཚན་གྱ་གཉིས་པ་ལས་འགལ་ཡོད། མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་སྐབས་ཁ་ལོ་བས་འཕྲུལ་སྒུལ་འཁོར་རིགས་རྒྱབ་བཤིག་རྒྱག་པ་དང་། ལམ་ལྡོག་སྟེ་གཏོང་བ། འཁོར་ལམ་ཐོག་ཁ་འགོག་པ་སོགས་བྱེད་མི་རུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དགུ་བཅུ་པ་དང《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་སྐར་མ་འཐེན་པའི་དོ་དམ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མྱུར་བགྲོད་གཞུང་ལམ་ཐོག་ལམ་ལྡོག་ནས་འཕྲུལ་སྒུལ་འཁོར་རིགས་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་དངུལ་ཆད་སྒོར་200གཏོང་བ་དང་སྐར་མ12འཐེན་པ་མ་ཟད་ཁ་ལོ་བའི་ལག་ཁྱེར་བཙན་ཉར་བྱ་རྒྱུ་རེད།