ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

ཕོ་བ་རྒྱགས་རྗེས་ཟས་རིན་མ་སྤྲད་པ།

སྤེལ་དུས 2025-02-19 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

རྫ་སྟོད་སྤྱི་བདེ་ཡིས་ཕོ་བ་རྒྱགས་རྗེས་ཟས་རིན་མ་སྤྲད་པའི་གྱོད་དོན་ཞིག་ཐག་བཅད། 

      ཉེ་ཆར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་མངགས་གཏོང་ཁང་ལ་མཱ་ཆེ་གེ་མོས་གྱོད་དོན་སྙན་སེང་བྱས་པ་སྟེ། མི་ཞིག་གིས་ཟ་མ་ཟོས་རྗེས་སྒོར་མོ་མི་སྤྲོད་པས་ཐག་གཅོད་གནང་རོགས་ཞེས་བཤད།

      སྙན་སེང་འབྱོར་རྗེས། ལས་རེས་ལག་རོགས་ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་སུ་བསྐྱོད་དེ་ཤེས་རྟོགས་བྱུང་བ་ལྟར་ན། སྐལ་ཆེ་གེ་མོས་ཟ་མ་ཟོས་རྗེས་སྒོར་མོ་མེད་པ་རྒྱུ་མཚན་དུ་བྱས་ནས་ཟས་རིན་མ་སྤྲད་པས། ཕྱོགས་གཉིས་བར་ལ་ཁ་རྩོད་བྱུང་། དེ་ནས་ཉེན་རྟོག་པས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བྱས་རྗེས། སྐལ་ཆེ་གེ་མོས་རང་ཉིད་ཀྱི་ནོར་འཁྲུལ་བྱ་སྤྱོད་ཤེས་རྟོགས་བྱུང་བར་མ་ཟད། ཟ་མའི་རིན་གོང་ཚད་གཞི་ལྟར་ཡུལ་དངོས་སུ་ཟས་རིན་སྒོར105སྤྲད་ཅིང་། རྗེས་ཕྱོགས་དེ་དང་འདྲ་བའི་གནས་ཚུལ་འབྱུང་མི་སྲིད་ཅེས་ཁས་ལེན་བྱས། དེར་བརྟེན་ཟ་མ་ཟོས་རྗེས་སྒོར་མོ་མ་སྤྲད་པའི་རྩོད་གཞི་དེ་བདེ་བླག་ངང་ཐག་གཅོད་ཐུབ་པ་དང་། དོ་བདག་ཕྱོགས་གཉིས་པོས་ལག་འཇུ་བྱས་ནས་འགྲིག་མཐུན་བྱས་པ་རེད།