ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

དོ་བདག་གིས་ངལ་རྩོལ་གྱི་རྩོད་གླེང་འདུམ་གཅོད་བྱེད་རེ་ཞུས་ན། ངལ་རྩོལ་རྩོད་གླེང་འདུམ་གཅོད་ཨུ་ཡོན་ལྷན་ཁང་གང་ཞིག་ལ་ཞུ་དགོས།

སྤེལ་དུས 2017-08-30 ཡོང་ཁུངས། ཆོས་གྲོགས་དྲ་བ། རྩོམ་པ་པོ། ནོར་བུ།
          ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་ཀྱི་ངལ་རྩོལ་རྩོད་གླེང་འདུམ་འགྲིག་བྱེད་ཕྱོགས་སྐོར་གྱི་སྲོལ་ཡིག༽གི་གཏན་འབེབས་ལ་གཞིགས་ཏེ། རྫོང་དང་། གྲོང་ཁྱེར། གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས་བཅས་ཀྱི་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་རང་ངོས་སྲིད་འཛིན་ས་ཁོངས་སུ་བྱུང་བའི་ངལ་རྩོལ་རྩོད་གླེང་ཐག་གཅོད་བྱེད་འགན་འཁུར་དགོས། ཆུས་བཙུགས་པའི་གྲོང་ཁྱེར་གྱི་འདུམ་གཅོད་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་ངལ་རྩོལ་རྩོད་གླེང་གི་གྱོད་དོན་བདག་སྤྲོད་བྱེད་ཁྱོན་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་ལ་འབེབས་དགོས། 

          ངལ་རྩོལ་གྱི་རྩོད་གླེང་བྱུང་བའི་ཁེ་ལས་དང་ལས་བཟོ་པ་གཉིས་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱེད་ཁོངས་ཀྱི་ས་ཁུལ་གཅིག་ཏུ་མིན་རིགས། ལས་བཟོ་པ་དོ་བདག་དེའི་གླ་ཕོགས་ཀྱི་འབྲེལ་བ་གནས་སའི་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་བྱ་རྒྱུ། འདིར་ལས་བཟོ་པ་དོ་བདག་གི་གླ་ཕོགས་ཀྱི་འབྲེལ་བ་གནས་ས་ཞེས་པ་ནི་ལས་བཟོ་པར་གླ་ཕོགས་སྤྲོད་མཁན་སྡེ་ཚན་གནས་ཡུལ་ལ་ཟེར། འོན་ཀྱང་གླ་ཕོགས་ཀྱི་འབྲེལ་བ་གནས་ཡུལ་ཀ་པ་ཁུལ་ཡིན་པ་དང་། རྩོད་གླེང་བྱེད་ཕྱོགས་གཉིས་པོས་ཁ་པ་ཁུལ་དུ་ངལ་རྩོལ་གྱི་གན་རྒྱ་བཞག་པ་མ་ཟད་ལག་བསྟར་བྱས་ན། ལས་བཟོ་པས་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་ཞུ་གཏུག་བྱེད་ཐབས་བདེ་པོ་ཡོང་ཕྱིར། ལས་བཟོ་པ་སྟབས་བདེ་ཡོང་བར་བྱེད་པའི་རྩ་དོན་ལ་གཞིགས་ཏེ་རྩོད་གླེང་དེ་རིགས་དོ་དམ་བྱེད་ཁོངས་ཀྱི་གནད་དོན་ནི་དམངས་དོན་གཏུག་བཤེར་བྱེད་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བྱས་ཆོག་པ་དང་། གན་རྒྱ་ལག་ལེན་བསྟར་བ་ལས་བྱུང་བའི་རྩོད་གཞི་དེ་གན་རྒྱ་འཇོག་ཡུལ་ལམ་ཡང་ན་གན་རྒྱ་ལག་བསྟར་བྱེད་སའི་མི་དམངས་ཁྲིམ་ཁང་གིས་དོ་དམ་བྱེད་པའི་རྩོ་དོན་ལྟར། ངལ་རྩོལ་གྱི་གན་རྒྱ་ལག་བསྟར་བྱེད་སའི་རྩོད་གླེང་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་དོ་དམ་བྱེད་ཁོངས་བྱས་ཆོག་ལ། ངལ་རྩོལ་གྱི་འབྲེལ་བའི་དོ་བདག་ཕྱོགས་གཉིས་པོས་ངལ་རྩོལ་གྱི་གན་རྒྱའི་འབྲེལ་ཡོད་འདུམ་གཅོད་ཀྱི་དོན་ཚན་ནང་ཁ་དན་བཞག་པའི་ངལ་རྩོལ་རྩོད་གླེང་འདུམ་གཅོད་ཨུན་ཡོན་ལྷན་ཁང་གིས་དོ་དམ་བྱེད་ཁོངས་བྱས་ཀྱང་ཆོག 

          འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་བདག་སྤྲོད་བྱས་པའི་གྱོད་དོན་དེ་རང་གི་དོ་དམ་བྱེད་ཁོངས་སུ་གཏོགས་པ་མ་ཡིན་པ་ཤེས་ཚེ། དོ་དམ་བྱེད་ཁོངས་ཀྱི་དབང་ཆ་ཡོད་པའི་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་སྐྱེལ་སྤྲོད་བྱ་དགོས། འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་བར་ལ་དོ་དམ་བྱེད་ཁོངས་ཀྱི་དབང་ཆའི་ཐད་རྩོད་གླེང་བྱུང་ན། ཕྱོགས་གཉིས་པོས་གྲོས་མོལ་གྱིས་ཐག་གཅོད་དགོས་པ་དང་། གྲོས་མཐུན་མ་བྱུང་ན། ཐུན་མོང་ངལ་རྩོལ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དོ་དམ་བྱེད་ཁོངས་དམིགས་འཛུགས་བྱ་དགོས།