དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

མངའ་རིས་སུ་གཙོད་སོཊ་རྔོན་པའི་ཁྲིམས་འགལ་གྱོད་གཞི་ཞིག་རྩད་ཆོད་པ།

སྤེལ་དུས 2020-03-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ཟླ་3ཚེས་22ཉིན། གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཉེས་དོན་གྱོད་གཞི་2མྱུལ་ཞིབ་རྩད་ཆོད་བྱུང་བ་དང་། སྲིད་འཛིན་གྱོད་གཞི་1ཞིབ་བཤེར་བྱས་པས་ཁྲིམས་འགལ་དོགས་ཡོད་ཉེས་ཅན་10འཛིན་བཟུང་བྱས་པ་དང་། གཙོད་ཀྱི་མགོ་3དང་། གཙོད་པགས་25 གཙོད་ཀྱི་པགས་ཧྲུག་45བཅས་ཞིབ་བཤེར་ཐུབ་ཡོད།

          ཟླ་3པ་ནས་བཟུང་། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་གྱོད་གཞི་བསྟུད་མར་རྩད་ཆོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཟླ་3ཚེས་12ཉིན་གཙོད་རྔོན་རྒྱག་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཞིག་རྩད་ཆོད་པ་མ་ཟད། ད་དུང་ཉེས་གསོག་དོགས་ཡོད་པ་རྒྱ་ཆེ་གེ་མོ་འཛིན་བཟུང་བྱས་ཡོད། འདྲི་རྩད་བྱས་པ་བརྒྱུད་ཤེས་པར། 2018ལོའི་ལོ་མཇུག་ནས་2019ལོའི་ལོ་འགོ་བར། ཉེས་གསོག་དོགས་ཡོད་པ་རྒྱ་ཆེ་གེ་མོ་ཡིས་སྒེར་རྩེ་རྫོང་བྲག་པོ་ཤང་སྨར་མོ་གྲོ་མ་གྲོང་ཚོའི་ནང་ཁོངས་སུ་སྦག་སྦག་བཞོན་ནས་གཙོད་ལ་རྡུང་སྟེ་གཙོད་3རྔོན་བརྒྱབ་ཡོད་པ་རེད།
          དེ་དང་དུས་མཚུངས། སྒེར་རྩེ་རྫོང་ཉེན་རྟོག་ཕྱོགས་ཀྱིས་ནགས་ཚལ་སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་ཐོག བྲག་པོ་ཤང་བྲག་དམར་རིང་གྲོང་ཚོ་ནས་ཁྲིམས་འགལ་ངང་རྔོན་རྒྱག་པ་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པའི་ཉེས་གསོག་ཚོགས་པ་ཞིག་གྲུབ་འབྲས་ཐོབ་པའི་ངང་རྩད་ཆོད་བྱུང་ཡོད། ཞིབ་བཤེར་བྱས་པར་བརྒྱུད། ཉེས་གསོག་དོགས་ཡོད་པ་དབང་ཆེ་གེ་མོ་སོགས་མི་6གིས་གཙོད་རྔོན་བརྒྱབ་ནས་ཉོ་ཚོང་བྱས་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་ཡོད།
          མིག་སྔར། གྱོད་གཞི་གཉིས་གོམ་གང་མདུན་སྤོས་མྱུལ་ཞིབ་བྱེད་བཞིན་ཡོད། 

 རྩོམ་སྒྲིག་པ། བདེ་སྒྲོལ།