དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

རྔོན་རྒྱག་མཁན་མི་5ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལ་གཏུགས།

སྤེལ་དུས 2020-04-02 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          ཉེ་ཆར། འཆི་ཆེ་གེ་མོ་སོགས་མི་5པོས་སྟོངས་ལ་ཉེ་བའི་རི་དྭགས་བརྔོན་པ་མ་ཟད། སྲོག་ཆགས་ཀྱི་ཐོན་རྫས་ཁྲིམས་ལས་འགལ་ནས་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་ཚོང་བཅས་བྱས་པས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་སྤྱི་ཕན་གྱི་ཞུ་གཏུག་བརྒྱབ་པ་རེད།
2019ལོའི་ཟླ་དང་པོའི་ཟླ་དཀྱིལ་ལ། འཆི་ཆེ་གེ་མོ་དང་བསོད་ཆེ་གེ་མོས་ཁེ་ཕན་གྱི་ཆེད་དུ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ནང་ཁོངས་སུ་རྙི་བརྒྱབ་ནས་རི་དྭགས་རྙི་ལ་ཐེབས་མིན་གནངས་འཆར་བཞིན་ལྟ་བར་འགྲོ་རྒྱུའི་ཁ་ཆད་བྱས།
          2019ལོའི་ཟླ་1ཚེས་22ཉིན། འཆི་ཆེ་གེ་མོས་རྔོན་རྒྱག་ཡུལ་དུ་སྐྱོད་སྐབས་གླ་བ་ཞིག་རྙི་ལ་ཐེབས་པ་མཐོང་། འོན་ཀྱང་གླ་རྩི་དང་རྙི་མཐོང་རྒྱུ་མེད་པས། འཚོལ་བར་འགྲོ་སྐབས། ཉེ་འགྲམ་གྱི་ཕྱུགས་འཚོ་ས་ཞིག་ནས་གླ་རྩི་དང་རྙི་འཁྱེར་མཁན་གྱི་དབང་ཆེ་གེ་མོ་དང་མིག་ཆེ་གེ་མོ་འཕྲད། དེ་རྗེས་འཆི་ཆེ་གེ་མོ་དང་། བསོད་ཆེ་གེ་མོ། དབང་ཆེ་གེ་མོ། མིག་ཆེ་གེ་མོ་བཅས་ཀྱིས་གླ་རྩི་བཙོངས་པའི་དངུལ་བགོ་རྒྱུའི་གྲོས་བསྡུར་བྱས། འཆི་ཆེ་གོ་མོས་གླ་རྩི་ངག་ཆེ་གེ་མོར་བཙོངས་ནས་བྱུང་བའི་དངུལ་སྒོར་3800མི་རེར་སྒོར་950བགོས་ཡོད། གསལ་འབྱེད་བྱས་པ་བརྒྱུད། འཆི་ཆེ་གེ་མོ་སོགས་ཀྱིས་ཁྲིམས་ལས་འགལ་ནས་བསད་པའི་གླ་བ་དེ《རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་གི་མིང་གཞུང》ནང་གི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད།
          གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱད་བྱས་པ་ལས། འཆི་ཆེ་གེ་མོ་དང་བསོད་ཆེ་གེ་མོས་རི་དྭགས་ཁྲིམས་ལས་འགལ་ནས་བརྔོན་པའི་ཉེས་པ་བསགས་པ་མ་ཟད། འཆི་ཆེ་གེ་མོ་དང་། བསོད་ཆེ་གེ་མོ། དབང་ཆེ་གེ་མོ། མིག་ཆེ་གེ་མོ། ངག་ཆེ་གེ་མོ་བཅས་ཀྱིས་རི་དྭགས་ཀྱི་ཐོན་རྫས་ཁྲིམས་ལས་འགལ་ནས་ཉོ་སྒྲུབ་དང་ཕྱིར་ཚོང་གི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་དྲུག་པ་དང་དོན་ཚན་ཉེར་བཞི་པའི་གཏན་འབེབས་ལས་འགལ་བ་དང་། རྒྱལ་ཁབ་ཀྱི་རི་དྭགས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་བ་ཞིག་རེད།
          ཉེ་ཆར་ཞིབ་དཔྱིད་ཁང་དེས་མི་5པོ་དེ་དག་ལ་ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་སྤྱི་ཕན་གྱི་ཞུ་གཏུག་བརྒྱབ་ནས། ཁྲིམས་ཁང་ལ་འཆི་ཆེ་གེ་མོ་སོགས་གྱོད་ཡ་5པོས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་གྱི་དཔལ་འབྱོར་ལ་གྱོང་གུན་བཟོས་པ་གསབ་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དགོངས་དག་ཞུ་དགོས་པའི་ཆད་པ་གཅོད་རྒྱུའི་རེ་བ་ཞུས་པ་རེད། མིག་སྔར་གྱོད་གཞི་དེ་སྔར་བས་ཐག་གཅོད་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།