མདོ་ལ་ཉེན་རྟོག་གིས་མི་བསད་གྱོད་གཞི3གྱི་ཁུངས་སྣེ་བསྡུ་བཞིན་འདུག
སྤེལ་དུས 2020-05-19
ཡོང་ཁུངས། གངས་ལྗོངས་འཕྲིན་གསར།
རྩོམ་པ་པོ།
མི་བསད་གྱོད་གཞི་རྙིང་བར་མྱུལ་ཞིབ་དང་རྩད་གཅོད་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས། ཉེས་ཅན་འཛིན་བཟུང་དང་ཉེས་ཅན་ལ་ཆད་པ་བཅད་དེ་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱ་ཆེད། མདོ་ལ་རྫོང་སྤྱི་བདེ་ཅུས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཕྱོགས་ནས་མདོ་ལ་རྫོང་གི་མི་བསད་གྱོད་གཞིའི་འབྲེལ་ཡོད་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རྒྱུ་རེད།
1.1996ལོའི་ཟླ8པའི་ཚེས29ཉིན་མདོ་ལ་རྫོང་མི་དམངས་སྨན་ཁང(སྨན་ཁང་རྙིང་བ)དུ་མི་བསད་གྱོད་གཞི་ཞིག་བྱུང་བ་དང་། འདས་པོ་བདེ་ཆེ་གེ་མོ(མོ)རང་ཁྱིམ་དུ་གཞན་གྱིས་བསད་པ་རེད།
2.2000ལོའི་ཟླ12བའི་ཚེས13ཉིན། མཁར་དམར་གྲོང་རྡལ་ཉིན་འབྲོང་གཞུང་ལམ་དུ་མི་བསད་པའི་གྱོད་གཞི་ཞིག་བྱུང་ཞིང་། རླངས་འཁོར་ཨང་རྟགས་ནི་མཚོ་སྔོནC02017ཡིན་པའི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཧྥན་ཆེ་གེ་མོ(ཕོ)གཞན་གྱིས་བསད་པ་རེད།
3.2002ལོའི་ཟླ6པའི་ཚེས28ཉིན་མཁར་དམར་གྲོང་རྡལ་མང་བཟའ་སྡེ་བའི་དེ་སྔའི་ཀྲི་པུའི་ཧྲུའུ་ཅི་འཇིགས་ཆེ་གེ་མོའི་ཁྱིམ་དུ་མི་བསད་གྱོད་གཞི་ཞིག་བྱུང་ཞིང་། འདས་པོ་འཇིགས་ཆེ་གེ་མོ(ཕོ)རང་ཁྱིམ་དུ་གཞན་གྱིས་བསད་པ་རེད།
གོང་གསལ་གྱོད་གཞི3བྱུང་རྗེས། མདོ་ལ་རྫོང་སྤྱི་བདེ་ཅུས་ཀྱིས་གྱོད་གཞིའི་མྱུལ་ཞིབ་ལས་དོན་སྤེལ་མཚམས་བཞག་མྱོང་མེད་ལ། ཁུངས་སྣེའི་ཡོང་ཁུངས་རྒྱ་ཆེར་གཏོད་ཆེད་སྤྱི་ཚོགས་ལས་རིགས་ཁག་ལ་ཡོངས་བསྒྲགས་ངང་ཁུངས་སྣེ་བསྡུ་རུབ་བྱས་པ་རེད། ནུས་ལྡན་ཁུངས་སྣེ་མཁོ་འདོན་བྱས་པ་དང་འབྲེལ་སྤྱི་བདེ་ལས་ཁུངས་ཀྱིས་དངོས་སུ་གསལ་འཕྲོད་བྱུང་ཚེ་གྱོད་གཞི་རེར་མི་དམངས་ཤོག་སྒོར་ཁྲི3ནས་ཁྲི5བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན།
སྤྱི་བདེ་ལས་ཁུངས་ཀྱིས་དཔང་མི་དང་ཐེར་འདོན་བྱེད་མཁན་གྱི་ཐོབ་ཐང་ཆ་འཕྲིན་དང་ཐེར་འདོན་གོང་ཞུའི་ནང་དོན་སོགས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གསང་སྲུང་ནན་མོ་བྱ་རྒྱུ་དང་། དཔང་མི་དང་ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་འཁོན་ལན་སློག་པའམ་ཡང་ན་དོགས་ཡོད་ཉེས་ཅན་སྦ་གསང་དང་འགེབས་སྲུང་བྱེད་མཁན་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་རྒྱུ་ཡིན། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གྱིས་གང་མགྱོགས་ངང་རང་ཉེས་ངོས་ལེན་བྱས་ནས་ཆད་པ་ཡང་མོ་བརྩོན་ལེན་བྱེད་པར་ཐ་ཚིག་ནན་མོ་བསྒྲགས་པ་ཡིན། དོགས་ཡོད་ཉེས་ཅན་གྱིས་བརྡ་ཁྱབ་འདི་སྤེལ་བའི་རིང་ད་དུང་རང་འགུལ་ངང་རང་ཉེས་ངོས་ལེན་མི་ཞུ་ན་རྩད་ཆོད་མཐའ་གསལ་བྱུང་ཚེ་ཉེས་ཆད་ལྕི་མོ་གཅོད་སྲིད།
ཐེར་འདོན་བྱེད་སྟངས། ཁ་པར་དང་། འཕྲིན་ཡིག ངོ་བཅར།
ཞུ་གཏུག་ས་གནས། མདོ་ལ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན།
ཐེར་འདོན་གོང་ཞུའི་ཁ་པར། ཉེན་རྟོག་དཔོན་ཞུས།18809707779 ཉེན་རྟོག་དཔོན་ཀྲའོ།18897001811