དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཁ་ལུད་གང་སར་འཕེན་མཁན་ལ་ཆེས་མཐོ་བར་སྒོར500ཡི་ཆད་པ་བཅད་ཆོག

སྤེལ་དུས 2020-05-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཁ་ལུད་གང་སར་འཕེན་མཁན་ལ་ཆེས་མཐོ་བར་སྒོར500ཡི་ཆད་པ་བཅད་ཆོག ཞིང་ཆེན་འདིས་རྒྱལ་ཡོངས་སུ་གང་སར་ཁ་ལུད་འཕེན་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཁྲིམས་སྲོལ་ཐོག་མ་དེ་བཏོན།
          གང་སར་ཁ་ལུད་འཕེན་པའི་གོམས་གཤིས་ངན་པ་བྱུང་ནས་ཡུན་རིང་འགོར་ཞིང་། དེ་ནི་འཕྲོད་བསྟེན་དང་ཤེས་དཔལ་མེད་པའི་རྟགས་མཚན་ཞིག་ཡིན་པས། མི་རྣམས་ཀྱིས་བྱ་སྤྱོད་དེའི་རིགས་ལ་དགའ་བསུ་མི་བྱེད་ལ། བཀག་སྡོམ་ཡང་ཡང་བྱས་ཀྱང་མ་ཁོག་པ་རེད།  ཉེ་ལམ། ཧྲན་ཞི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་སྟེང《ཧྲན་ཞི་ཞིང་ཆེན་གྱི་སྤྱི་པའི་འདུ་གནས་སུ་གང་སར་ཁ་ལུད་འཕེན་པ་གཏན་འགོག་བྱེད་པའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ཞིང་། 《གཏན་འབེབས》དེ་ནི་རང་རྒྱལ་གྱི་སྤྱི་པའི་འདུ་གནས་སུ་ཁ་ལུད་འཕེན་པའི་གནད་དོན་བཅོས་སྒྲིག་བྱེད་པའི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་རེད། ཟླ6པའི་ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས།
          《ཧྲན་ཞི་ཞིང་ཆེན་གྱི་སྤྱི་པའི་འདུ་གནས་སུ་གང་སར་ཁ་ལུད་འཕེན་པ་གཏན་འགོག་བྱེད་པའི་སྐོར་གྱི་གཏན་འབེབས》ལ་ས་བཅད་ཀྱི་དབྱེ་བ་མེད། ཁྱོན་བསྡོམས་དོན་ཚན18ཡོད། དེའི་ནང་དུ་གཙོ་བོ་ཁྲིམས་བཟོའི་དམིགས་ཡུལ་དང་། སྤྱད་འཐུས་ཁྱབ་ཁོངས། བཅོས་སྐྱོང་རྩ་དོན། སྡེ་ཚན་གྱི་འགན་འཁྲི་བཅས་དང་། སྤྱི་པའི་འདུ་གནས་ཀྱི་དོ་དམ་སྡེ་ཁག་དང་། རང་སྐྱོང་རྩ་འཛུགས། སྤྱི་དམངས་བཅས་ཀྱི་འོས་འགན་ཁ་གསལ་བཟོས་ཡོད་པར་མ་ཟད། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་ལམ་སྲོལ་འཛུགས་པ་དང་། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ཚུད་ཡོད།
          གང་སར་ཁ་ལུད་འཕེན་མི་ཆོག་པའི་སྤྱི་པའི་འདུ་གནས་ནང་དུ་དཔེ་མཛོད་ཁང་དང་། དངོས་མང་བཤམས་སྟོན་ཁང་། རིག་གནས་ཁང་། ཚན་རྩལ་ཁང་། མཛེས་རྩལ་ཁང་། འགྲེམས་སྟོན་ཁང་། གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས། ལུས་རྩལ་ཐང(ཁང) གློག་བརྙན་ཟློས་གར་ཁང་སོགས་རིག་གནས་ལུས་རྩལ་སྐོར་གྱི་བྱེད་སྒོ་སྤེལ་ཡུལ་ཚུད་པར་མ་ཟད། སྨན་བཅོས་འཕྲོད་བསྟེན་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀ་བྱེད་ས། ལས་ཁུངས་དང་ཚོགས་པ།   ཁེ་ལས་དང་ལས་དོན་སྡེ་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་གཞུང་ལས་ཁང་དང་ཐོན་སྐྱེད་བྱེད་ས། དཔེ་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། ཚོང་ར། ཚོང་ཁང་། ཞིང་ཟོག་ཉོ་ཚོང་ཁྲོམ་ར། ཆང་ཁང་། ཟ་ཁང་། མགྲོན་ཁང་སོགས་ཚོང་གཉེར་བྱེད་ས། གླུ་གར་ཁང་དང་། ཁ་ཧྥེ་ཁང་། ཨར་ཁང་། དྲ་ཁང་སོགས་སྤྲོ་གསེང་རོལ་རྩེད་བྱེད་ས། གཞུང་ལམ་དང་། གནམ་གྲུ་ཐང་། རླངས་འཁོར་འབབ་ཚུགས། གྲུ་ཁ། རླངས་འཁོར་འཇོག་ས། མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུ་ཁུལ་སོགས་དང་། དེ་མིན་ཐང་ཆེན་དང་། སྤྱི་གླིང་། ཡུལ་མིའི་གཞིས་ཁུལ། སྡོད་ཁང་ཐར་ཐོར་གྱི་ཚོགས་པ། གྲོང་ཁྱེར་ནང་གི་གྲོང་ཚོ་བཅས་ཀྱི་སྤྱི་པའི་བྱེད་སྒོ་སྤེལ་ས། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་གློག་སྐས་སོགས་སྤྱི་པའི་ཁ་དམ་བར་སྟོང་། སྤྱི་པའི་བྱེད་སྒོ་སྤེལ་གནས་གཞན་དག་བཅས་འདུས་པ་རེད།
          《གཏན་འབེབས》ནང་། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་སྤྱི་པའི་འདུ་གནས་སུ་ཁ་ལུད་གང་བྱུང་དུ་འཕེན་པའི་བྱ་སྤྱོད་ལ་བཀག་འགོག་བྱེད་དབང་ཡོད་པར་མ་ཟད། ཐེར་འདོན་ཁ་པར་གཏོང་བ་དང་། ཐེར་འདོན་ལས་སྟེགས་ལ་པར་རིས་དང་བརྙན་ཐུང་སོགས་སྤྲད་ནས་ཐེར་འདོན་བྱས་ཆོག རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་དོ་དམ་སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་གིས་ཐེར་འདོན་ཁ་པར་དང་ལས་སྟེགས་བཙུགས་ཏེ། ཐེར་འདོན་གོང་ཞུ་བདག་སྤྲོད་བཅས་བྱ་དགོས། ཐེར་འདོན་གནས་ཚུལ་རྩད་ཆོད་མཐའ་གསལ་བྱུང་ཚེ། ཐེར་འདོན་བྱེད་མཁན་ལ་བྱ་དགའ་ངེས་ཅན་སྤྲད་ཆོག་པ་དང་འབྲེལ་མི་སྒེར་གྱི་ཐོབ་ཐང་ལ་སྲུང་སྐྱོང་བྱེད་དགོས། 
          བཅའ་ཁྲིམས་ཀྱི་འགན་འཁྲིའི་ཐད་ནས། 《གཏན་འབེབས》ནང་སྤྱི་པའི་འདུ་གནས་སུ་ཁ་ལུད་གང་བྱུང་དུ་འཕེན་མཁན་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་དོ་དམ་སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་གམ་དེས་ཁྲིམས་ལྟར་མངགས་བཅོལ་བྱས་པའི་སྡེ་ཚན་གྱིས་ཁ་ལུད་ཀྱི་དྲེག་པ་གཙང་སེལ་བྱེད་འགན་དཀྲི་རྒྱུ་མ་ཟད། ཐ་ཚིག་ཀྱང་བསྒྲགས་ཆོག གལ་ཏེ་གཙང་སེལ་མི་བྱེད་མཁན་ཡོད་ཚེ། གཤམ་གསལ་གྱི་གཏན་འབེབས་ལྟར་ཆད་པ་བཅད་ཆོག་པ་སྟེ། ཁང་བའི་ཕྱི་རོལ་གྱི་སྤྱི་པའི་འདུ་གནས་སུ་གང་སར་ཁ་ལུད་འཕེན་མཁན་ལ་སྒོར100ཡི་ཡན་ནས200མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁང་བའི་ནང་གི་སྤྱི་པའི་འདུ་གནས་སུ་ཁ་ལུད་གང་བྱུང་དུ་འཕེན་མཁན་ལ་སྒོར200ཡི་ཡན་ནས300མན་གྱི་དངུལ་ཆད་འགེལ་རྒྱུ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་གློག་སྐས་སོགས་སྤྱི་པའི་ཁ་དམ་བར་སྟོང་དུ་ཁ་ལུད་གང་སར་འཕེན་མཁན་ལ་སྒོར300ཡི་ཡན་ནས500མན་གྱི་དངུལ་ཆད་བཅད་ཆོག 《གཏན་འབེབས》དང་འགལ་བའི་བྱ་སྤྱོད་དག བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་དུ་བཅའ་ཁྲིམས་ཀྱི་འགན་འཁྲིའི་གཏན་འབེབས་ཡོད་རིགས་གཏན་འབེབས་བྱ་རྒྱུ་ཡིན།