དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལྷོ་ཁའི་སྤྱི་བདེ་ཅུས་ཀྱིས་སྨད་འཚོང་འཆལ་རྒྱུག་བྱེད་མཁན་4བཟུང་འདུག

སྤེལ་དུས 2020-06-24 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་ནས་ལྷོ་ཁའི་ཤེས་དཔལ་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་བཅོས་སྐྱོང་ཉིང་ལག་རུ་ཁག་གིས་སྨད་འཚོང་འཆལ་རྒྱུག་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྒྱུན་མཐུད་ནས་རྡུང་རྡེག་ཤུགས་ཆེན་བཏང་བ་དང་། ཟླ་6ཚེས་9ཉིན་སྨད་འཚོང་དང་འཆལ་པོ་རྒྱུག་མཁན་4འཛིན་བཟུང་བྱས་ཡོད་པ་རེད།
          2020ལོའི་ཟླ་6ཚེས་9ཉིན་གྱི་ཆུ་ཚོད་21ཙམ་ལ། བདེ་འཇགས་བཅོས་སྐྱོང་ཉིང་ལག་རུ་ཁག་གི་ཉེན་རྟོག་པ་སྐོར་གཡེང་བྱེད་སྐབས། རྩེད་ཐང་གྲོང་རྡལ་གྱི་བོགས་གཏོང་ཁང་པ་ཞིག་ཏུ་སྨད་འཚོང་འཆལ་རྒྱུག་བྱེད་མཁན་ཡོད་པ་ཧ་གོ་ནས་འཕྲལ་མར་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། ས་ཁོངས་དེ་གའི་བོགས་གཏོང་ཁང་པར་ཞིབ་བཤེར་བྱས། བོགས་གཏོང་ཁང་པ་གཉིས་ནས་སྨད་འཚོང་དང་འཆལ་པོ་རྒྱུག་མཁན་གྱི་ཁྲིམས་འགལ་མི་སྣ་4རྩད་ཆོད་པ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་མི་4པོ་དེ་དག་གྲོང་ཁྱེར་སྤྱི་བདེ་ཅུས་ལ་སྔར་བས་བརྟག་དཔྱད་བྱེད་པར་འཁྲིད་ཡོད་ཅིང་། འདྲི་རྩད་བྱས་པ་བརྒྱུད། ཁྲིམས་འགལ་མི་སྣ་ཀྲང་ཆེ་གེ་མོ་དང་། བཀྲ་ཆེ་གེ་མོ། ཞུས་ཆེ་གེ་མོ། ཧོ་ཆེ་གེ་མོས་ཁྲིམས་འགལ་ངང་སྨད་འཚོང་འཆལ་པོ་རྒྱུག་པའི་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
          《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག》གི་དོན་ཚན་རེ་དྲུག་པའི་ནང་གསེས་དང་པོའི་གཏན་འབེབས་ལྟར་ན། ཀྲང་ཆེ་གེ་མོ་དང་། བཀྲ་ཆེ་གེ་མོ། ཞུས་ཆེ་གེ་མོ། ཧོ་ཆེ་གེ་མོ་བཅས་མི་4པོ་སོ་སོར་ཁྲིམས་ལྟར་ཆད་པ་བཅད་པ་རེད།