དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ནག་ཚོགས་ཀྱི་ངོ་བོ་ལྡན་པའི་མི་འདི་ཚོར་ཁྲིམས་ཆད་འདི་འདྲ་ཕོག་འདུག

སྤེལ་དུས 2020-06-24 ཡོང་ཁུངས། རྩོམ་པ་པོ།
          ཟླ་6ཚེས་12ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་བགྲང་ཞུ་གཏུག་བྱས་པའི་ཞུ་སྦྱོར་ཕྱི་མ་བཀྲ་ཤིས་སོགས་མི་12ལ་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཚོགས་པ་སྒྲིག་འཛུགས་དང་། དེའི་འགོ་ཁྲིད་པ། དེར་ཞུགས་པ་བཅས་ཀྱི་ནག་ཉེས་དང་། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཚོགས་པ་རྒྱ་ཡན་དུ་བཏང་བའི་ནག་ཉེས། ཁྲིམས་དང་མ་མཐུན་པར་ཚོང་གཉེར་བྱས་པའི་ནག་ཉེས། བཙན་ཤེད་ཀྱིས་ཉོ་ཚོང་བྱེད་དུ་བཅུག་པའི་ནག་ཉེས། རྐང་བཙུགས་ནས་གནོད་འཚེ་བཏང་བའི་ནག་ཉེས། ཉེན་ཆེའི་ངང་རླངས་འཁོར་བཏང་བའི་ནག་ཉེས་བཅས་བསགས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་མ་ཟད། དུས་གཅིག་ཏུ་དྲ་ཐོག་ནས་ཐད་གཏོང་ཡང་བྱས་པ་རེད། གྱོད་གཞི་རྙོག་འཛིང་ཆེ་བའི་ཁར་ཞུ་སྦྱོར་ཕྱི་མ་མང་བ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆེ་སྟབས། གྱོད་གཞི་དེ་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཁྲེན་ཅེས་འདྲི་གཅོད་དཔོན་བྱས་པ་དང་དེ་བཞིན་མི་དམངས་འདྲི་གཅོད་ལས་རོགས་པ་4ལས་འགྲུབ་པའི་མི་7ལམ་ལུགས་ཀྱི་མཉམ་གྲོས་ཁྲིམས་ར་བཙུགས་ནས་འདྲི་གཅོད་བྱས་པ་རེད།
          ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོ་བྱས་པ་བརྒྱུད་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་བཀྲ་ཤིས་སོགས་མི་10ཡིས་ཚོགས་པ་ཞིག་བཙུགས་ཏེ། གཏུམ་སྤྱོད་དང“འཇམ་པོའི་གཏུམ་སྤྱོད”སྤྱད་ནས་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་རྒྱ་ཡན་དུ་བཏང་བར་བརྟེན་ཏེ་ལྷ་སའི་གོང་དཀར་གནམ་ཐང་གི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་སྐྱེལ་འདྲེན་ཁྲོམ་རར་ཁྲིམས་དང་མ་མཐུན་པར་ཚོད་འཛིན་བྱས་པ་དང་ཁྲིམས་དང་མ་མཐུན་པར་ཁེ་བཟང་སྒོར་ཁྲི་100ལྷག་ཙམ་བཟས་ནས་སྤྱི་ཚོགས་དང་དཔལ་འབྱོར་དང་འཚོ་བའི་སྒྲིག་ལམ་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད། ཚོགས་པ་དེར་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཚོགས་པས་ཉེས་པ་གསོག་པའི་ཁྱད་ཆོས་གཙོ་བོ་དག་ལྡན་པས་ཞུ་སྦྱོར་ཕྱི་མ་10ཡི་བྱེད་སྤྱོད་དག་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཚོགས་པ་སྒྲིག་འཛུགས་བྱས་པ་དང་། དེའི་འགོ་ཁྲིད་པ། དེར་ཞུགས་པ་བཅས་ཀྱི་ནག་ཉེས་ཁོངས་སུ་གཏོགས་ཀྱི་ཡོད། ཚོགས་པ་དེས་ཁྲིམས་དང་མི་མཐུན་པའི་དཔལ་འབྱོར་གྱི་ཁེ་ཕན་རག་ཆེད་ཡུན་རིང་ཁྲིམས་དང་མ་མཐུན་པའི་ཚོང་གཉེར་བྱེད་པ་དང་། བཙན་ཤེད་ཀྱིས་ཉོ་ཚོང་བྱེད་དུ་འཇུག་པ། རྐང་བཙུགས་ནས་གནོད་འཚེ་གཏོང་བ་སོགས་ཁྲིམས་འགལ་ནག་ཉེས་བསགས་ཡོད། དེས་ན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉེས་འགན་ཆད་གསུམ་མཐུན་དགོས་པའི་རྩ་དོན་གཞིར་བཟུང་། ཞུ་སྦྱོར་ཕྱི་མ་བཀྲ་ཤིས་སོགས་མི་10ལ་ལོ་དགུ་ནས་ལོ་བཞི་དང་ཟླ་བ་དྲུག་བར་གྱི་དུས་ཡུན་མི་འདྲ་བའི་དུས་བཀག་བཙོན་འཇུག་ཁག་སོ་སོར་བྱ་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། ཁོ་པ་ཚོའི་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་དང་། མི་སྒེར་གྱི་གྲངས་འབོར་མི་འདྲ་བའི་རྒྱུ་ནོར་གཞུང་བཞེས་གཏོང་བ། ཁྲིམས་འགལ་ངང་རག་པའི་ཁེ་བཟང་འདེད་ལེན་བྱེད་པ་བཅས་ཀྱི་ཁྲིམས་ཐག་ཀྱང་བཅད་པ་དང་། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ཚོགས་པ་རྒྱ་ཡན་དུ་བཏང་བའི་ནག་ཉེས་ཐོག་ནས་རྒྱ་ཡན་དུ་གཏོང་མཁན་སྤེན་ཆེ་གེ་མོ་དང་བཀྲ་ཆེ་གེ་མོ་གཉིས་པོ་དུས་བཀག་བཙོན་འཇུག་ལོ་གཉིས་དང་ལོ་གཅིག་སོ་སོར་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།