དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

གཏེར་རྡོ་ལྐོག་འདོན་གྱི་ཚོགས་པ་ཞིག་རྩ་གཏོར་བཏང་བ།

སྤེལ་དུས 2020-06-29 ཡོང་ཁུངས། གངས་ལྗོངས་འཕྲིན་གསར། རྩོམ་པ་པོ།

          ཟླ6པའི་ཚེས24ཉིན་གྱི་ཞོགས་པར། ཧི་ནན་ནས་ཡོང་བའི་མེ་འཁོར་ཞིག་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་མེ་འཁོར་ས་ཚིགས་སུ་དལ་བུར་འབྱོར་བ་དང་། “3.23”ཞ་ཉེ་དང་ཏི་ཚའི་གཏེར་རྡོ་རྐུ་འདོན་གྱོད་གཞིའི་དོགས་ཡོད་ཉེས་ཅན4ལྟ་སྐྱེལ་བྱས་ནས་ཁྲིམས་ལ་སྦྱར་ཡོད།
          ཟླ3པའི་ཚེས23ཉིན་གྱི་ཆུ་ཚོད21ཙམ་ལ། མཚོ་ནུབ་ཁུལ་ཚྭ་འདམ་སྲིད་འཛིན་ཨུ་ལྷན་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་སུ་ཉེན་བརྡ་འབྱོར་ཏེ། ཞིས་ཐེ་ཧྲན་གྲོང་རྡལ་གྱི་རྒྱབ་རིའི་ཕག་ཏུ་མི་འགས་གཏེར་རྡོ་རྐུ་འདོན་བྱེད་ཀྱིན་འདུག་ཟེར། མཚོ་ནུབ་ཁུལ་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་ཉེས་དོན་མྱུལ་ཞིབ་དང་མངག་གཏོང་ཁང་། དྲ་བའི་བདེ་འཇགས། བདེ་སྲུང་སོགས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཤིང་མཚན་བརྟོལ་ནས་ཡུལ་དངོས་སུ་བསྐྱོད། ཕྱོགས་གཅིག་ནས་ཉེས་དོན་མྱུལ་ཞིབ་དང་བདེ་སྲུང་། མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་མྱུལ་ཞིབ་དང་འདྲི་རྩད་སོགས་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་གཞི་གྲངས་ཆེན་པོར་དབྱེ་ཞིབ་བྱེད་པར་བཀོད་སྒྲིག་བྱས། ཉེན་རྟོག་སྣ་མང་གིས་སྟོབས་ཤུགས་གཅིག་སྒྲིལ་དང་དཔུང་བ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་པ་དང་། ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རོགས་རམ་ཤུགས་ཆེན་འོག ཀྲོའུ་ཆེ་གེ་མོ(ཧི་ནན་ཞིང་ཆེན་ཡན་ཧྲི་གྲོང་ཁྱེར་གྱི་མི)དང་ཆིན་ཆེ་གེ་མོ(ཧི་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་གྱི་མི)སོགས་དོགས་ཡོད་ཉེས་ཅན6བདེ་བླག་ངང་འཛིན་བཟུང་བྱས་ལ། གཟེ་ལྔ་རྟགས་ཅན་གྱི་མགྲོན་འཁོར་ཆུང་བ་ཞིག་ཀྱང་རྩད་ཆོད་བྱུང་།

          རྗེས་མཐུད་མྱུལ་ཞིབ་བྱེད་པའི་རིང་། མི་དམངས་ཉེན་རྟོག་པས་ཉིན་མཚན་མེད་པར་འབད་པ་བྱས་ཏེ་འདྲི་གཅོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། འདྲི་རྩད་བྱས་རྗེས། ཉེས་གསོག་ཚོགས་པ་དེ་ནུབ་རྒྱུད་གཏེར་ལས་ཞིས་ཐེ་ཧྲན་ཡན་ལག་ཀུང་སིས་བསྐྱུར་ཞིང་བཀག་སྡོམ་བྱས་པའི་གསེག་ཁྲོན་གཏེར་དོང3210ཞེས་པའི་གྲོང་མཐའི་རི་ཁུལ་དང་དུད་ཁྱིམ་ཉུང་བ། གཞན་གྱིས་རྙེད་དཀའ་བའི་ཁོར་ཡུག་ཏུ་བསྡད་ནས། སྐབས་བསྟུན་སྒོ་འབྱེད་དང་མཚན་མོ་གཏེར་ཁུངས་རྐུ་འདོན་སོགས་ཀྱི་མི་མངོན་བྱེད་ཐབས་སྤྱད་ཅིང་། རང་གིས་བཟོས་པའི་འབར་རྫས་དང་མེ་འདྲེན་སྦུ་གུ། གློག་འདོན་འཕྲུལ་འཁོར། མཁའ་རླུང་གནོན་བཙིར་ཆས། རླུང་གསོར་སོགས་གཏེར་འདོན་སྒྲིག་ཆས་སྤྱད་ནས་ཞ་ཉེ་དང་ཏི་ཚའི་གཏེར་རྡོ་ལྐོག་འདོན་བྱས་པ་རེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་གཞི་ཐག་གཅོད་བྱས་པ་དང་ཞིབ་བཤེར་གཏིང་ཟབ་བྱས་ཏེ། དུས་འགོར་ཀྲོའུ་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན6འཛིན་བཟུང་བྱས་པའི་རྨང་གཞིའི་ཐོག་ཟླ3ཚེས28ཉིན་གྱི་ཆུ་ཚོད21ཙམ་ལ་སླར་ཡང་དོགས་ཡོད་ཉེས་ཅན་ཞ་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། དུས་མཚུངས་སུ་རང་བཟོས་འབར་རྫས་སྟོང་ཁེ77.3དང་ཐོག་གློག་མེ་འདྲེན་སྦུ་གུ་རྙིང་བ124རྩད་ཆོད་པ་དང་། ཉེས་གསོག་རླངས་འཁོར་གཉིས(ཁང་མིན་སི་ཞིང་སྤྱོད་རླངས་འཁོར1དང་པིན་ཁྲུ་རླངས་འཁོར་ཆུང་གྲས1)ཞིབ་བཤེར་བཀག་ཉར་བྱས་ཡོད།
          གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཁུངས་སྣེར་གཞིགས་ནས་ཞིབ་འཇུག་དང་བརྡར་གཅོད་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལུའོ་དབྱང་དང་ཕུའུ་དབྱང་། སན་མོན་འགག་སོགས་སུ་བསྐྱོད་ནས་འཛིན་བཟུང་ལག་བསྟར་བྱས་པ་རེད། དེའི་རིང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ངལ་བ་ཁྱད་བསད་དང་དཀའ་སྡུག་རྒྱབ་དོར། ཉིན་མཚན་དབྱེར་མེད་དུ་འབད་འཐབ་བྱས། ཟ་མ་ཟ་ཁོམ་མེད་པའི་སྐབས་སུ། ལམ་འགྲམ་དུ་སྟབས་ཐུག་འཐུང་བ་དང་བག་ལེབ་ཟ་བ་སོགས་བྱས་ཏེ། མགྱོགས་མྱུར་ངང་གྱོད་དོན་རྩད་ཆོད་པའི་ཆེད་དུ། ཆུ་ཚོད24རིང་དངོས་སྡོད་ཞིབ་འཇུག་དང་འཛིན་བཟུང་། འདྲི་རྩད་སོགས་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན4བདེ་བླག་ངང་འཛིན་བཟུང་བྱས་པ་དང་། ཐོག་གློག་མེ་འདྲེན་སྦུ་གུ1700ལྷག་རྩད་ཆོད་བྱུང་བ་རེད།