དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཁ་ལོ་བའི་ལག་ཁྱེར་རྫུན་མ་བཟོས་ན་ཁྲིམས་ལས་ཐར་ཐབས་དཀའ། ཁོ་པར་……

སྤེལ་དུས 2020-06-30 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།

          ཉེ་དུས། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཁྱེར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་གྲོང་ཁུལ་དུ་སྐོར་གཡེང་བྱེད་སྐབས། འཇིབ་ཆུང(འཁོར་རྟགས་川AQ031A)ཞིག་ལམ་ཁར་གང་བྱུང་དུ་བཞག་པ་མཐོང་རྗེས། མོ་ཊའི་བདག་པོར་འདྲི་རྩད་བྱས། ཁོ་པའི་ཁ་ལོ་བའི་ལག་ཁྱེར་ཐོག་གི་ཡི་གེ་གསལ་པོ་མེད་པ་དང་ཚད་ལྡན་མེད་པ་ཤེས་རྗེས། ལག་ཁྱེར་དེ་རྫུན་མ་བཟོས་པའི་དོགས་པ་སྐྱེས། དེ་ནས་འདྲི་རྩད་ཞིབ་ཕྲ་བྱས་པ་བརྒྱུད། འཁོར་བདག་ཧོ་ཆེ་གེ་མོ (སྐྱེས་པ། རྒྱ་རིགས། ལོ་27 སི་ཁྲོན་བ། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། 5138221992*****873) ཡིན་པ་དང་མི་དམངས་ཉེན་རྟོག་པས་ཁོ་པ་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་བརྟག་དཔྱད་དང་ལེན་བྱེད་པར་འབོད། ཁོ་བོས་བཏོན་པའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ལ་གཞིགས་ཏེ་འགྲིམ་འགྲུལ་བཀོལ་སྤྱོད་ལས་སྟེགས་ནས་རྩད་གཅོད་བྱས་པར་མི་འདིས་ཁ་ལོ་བའི་ལག་ཁྱེར་རྩ་བ་ནས་བླངས་མེད་པ་ཤེས། དེ་རྗེས། འདྲི་རྩད་ཡང་བསྐྱར་བྱས་པ་བརྒྱུད། རང་ཉིད་ཀྱི་ཁ་ལོ་བའི་ལག་ཁྱེར་ཇི་ལྟར་བཟོས་མིན་ངོས་ལེན་གསལ་པོར་ཞུས་པ་མ་ཟད། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རྫུན་མ་བཟོས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ངོས་ལེན་གཙང་མ་ཞུས་པ་རེད།

          《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཧོ་ཆེ་གེ་མོའི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཏོང་རྒྱུ་དང་སྦྲགས་དངུལ་ཆད་ཀྱང་གཅོད་རྒྱུ། ཁོ་པར་སྲིད་འཛིན་བཀག་ཉར་ཉིན་20བྱས་པ་དང་དངུལ་ཆད་སྒོར་4900བཏང་འདུག

    འགྲིམ་འགྲུལ་ཉེན་རྟོག་པས་ཤ་ཚའི་དྲན་སྐུལ་ཞུ་བར།
          རྒྱ་ཆེའི་ཁ་ལོ་བ་ཚོས་རང་གཞན་གཉིས་ཀའི་བདེ་འཇགས་ཆེད། ངེས་པར་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་ཤིང་། སྟེས་དབང་གི་བསམ་བློ་གཏན་ནས་འཆང་མི་རུང་ལ། ཚད་དང་མཐུན་པའི་ཁ་ལོ་བའི་སློབ་གྲྭར་ངེས་པར་དུ་སློབ་སྦྱོང་བྱས་ནས་རྒྱུགས་ལོན་རྗེས་གཞི་ནས་འཁོར་རིགས་བཏང་ཆོག