དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ལྷ་ས་ནས་དུག་རྫས་དབོར་འདྲེན་གྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་འདུག

སྤེལ་དུས 2020-08-31 ཡོང་ཁུངས། རྩོམ་པ་པོ།
  ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་དུག་རྫས་དབོར་འདྲེན་གྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ནས། དུག་རྫས་ཧེ་རུན་ཁེ་353.89གཞུང་བཞེས་བཏང་བ་མ་ཟད། ཉེས་གསོག་དོགས་ཅན་2བཟུང་བ་རེད།
 
    ད་ལོའི་ཟླ་7པའི་ཟླ་དཀྱིལ་དུ། དུག་འགོག་ཉིང་ལག་རུ་ཁག་གིས་ཆུས་དང་གྲོང་ཁྱེར་ཕན་ཚུན་ཉེན་བརྡ་གཏོང་རེས་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གཉིས་ཀྱིས་དུག་རྫས་ཁག་གཅིག་རང་གྲོང་ཁྱེར་དུ་དབོར་ནས་འཚོང་རྩིས་བྱེད་པའི་ཁུངས་སྣེ་ཞིག་ཤེས་རྟོགས་བྱུང་བ་དང་། ཁུངས་སྣེ་ཤེས་རྟོགས་བྱུང་རྗེས། ཉིང་ལག་རུ་ཁག་གིས་ཆེད་མངགས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་མྱུལ་ཞིབ་ཞིབ་ཚགས་བྱས་པས། དོགས་ཡོད་ཉེས་ཅན་གྱི་གཟུགས་པོའི་རིང་ཚད་དང་བྱེད་སྤྱོད་སྤེལ་སྟངས་འཕྲལ་མར་ཁོང་དུ་ཆུད་ནས་ཟླ་8ཚེས་8ཉིན། ལྷ་ས་གྲོང་ཁྱེར་གྱི་ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་ནས་ཉེས་གསོག་དོགས་ཅན་གཉིས་བཟུང་བ་མ་ཟད། རླངས་འཁོར་ནས་དུག་རྫས་ཧེ་རུན་ཤོག་ཆག་གཅིག་རྩད་ཆོད་པར་ལྗིད་ཚད་ཁེ་353.89ཡོད།

    བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་མོའུ་ཆེ་གེ་མོ་དང་ལུའོ་ཆེ་གེ་མོས་དུག་རྫས་དབོར་འདྲེན་གྱི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་ཤིང་། མིག་སྔར། ཉེས་གསོག་དོགས་ཅན་མོའུ་ཆེ་གེ་མོ་དང་ལུའོ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།