དབྱར་རྩྭ་དགུན་འབུ་རྒྱ་མ་ལྔ་བརྐུ་ལ་ཤོར་རྗེས.....
སྤེལ་དུས 2020-09-21
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
ཟླ་༨ཚེས་༡ཉིན་གྱི་ཕྱི་དྲོ། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྤྱི་བདེ་ཅུད་ལ་ཁོངས་གཏོགས་མང་ཚོགས་ཆོས་ཆེ་གེ་མོའི་ཉེན་བརྡའི་ཁ་པར་འབྱོར་ནས། རང་ཁྱིམ་གྱི་དབྱར་རྩྭ་དགུན་འབུ་རྒྱ་མ་ལྔ་ལྷག་ཙམ་བརྐུ་ལ་ཤོར་བ་དེ་སྤྱི་བདེ་ལས་ཁུངས་ལ་ཞིབ་བཤེར་བྱ་དགོས་པའི་རེ་བ་ཞུས་པ་རེད། ཉེན་བརྡའི་ཁ་པར་འབྱོར་རྗེས། འབྲི་རུ་རྫོང་སྤྱི་བདེ་ཅུད་ཀྱིས་ལམ་སང་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ཏེ་གྱོད་གཞི་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་བ་རེད། ཟླ་བ་འགའ་ཤས་བསྟུད་མར་བཅར་འདྲི་གྲལ་བཤེར་དང་བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད། ཟླ་༩ཚེས་༡༦ཉིན། ཆེད་དོན་གྱོད་གཞི་ཚོགས་ཆུང་གིས་དོགས་ཡོད་ཉེས་ཅན་པ་འཕེལ་ཆེ་གེ་མོ་འཛིན་བཟུང་བྱས་པར་མ་ཟད། བརྐུ་ལ་ཤོར་བའི་དབྱར་རྩྭ་དགུན་འབུ་རྒྱ་མ་༥.༢བདག་པོའི་ལག་ཏུ་སྤྲད་པ་རེད། འདྲི་རྩད་བྱས་པ་བརྒྱུད། འཕེལ་ཆེ་གེ་མོས་ཟླ་༧ཚེས་༣༡ཉིན་གྱི་དགོང་མོ་གྱོན་ཆས་ཚོང་ཁང་ཞིག་ནས་སྐྱེས་མའི་གྱོན་ཆས་ཞིག་ཉོས་ཏེ། བུ་མོའི་ཆས་སྤྲས་ནས་ཆོས་ཆེ་གེ་མོའི་ཁྱིམ་དུ་བརྐུ་བྱེད་པར་ཕྱིན་པའི་གནས་ཚུལ་རྣམས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར། གྱོད་གཞི་དེ་ཐག་གཅོད་བྱེད་བཞིན་ཡོད།