དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

སྤྱང་པོའི་འཁུར་བླངས། ལྐུགས་པའི་རྟགས་བསྟན།

སྤེལ་དུས 2020-11-19 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ★ལས་འཛོལ་བརྒྱུད་རིམ།★
          2020ལོའི་ཟླ10ཚེས7ཉིན་གྱི་ཆུ་ཚོད21དང་སྐར་མ45ཙམ་དུ། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ“རྒྱལ་རྩེ་རྫོང་རྒྱལ་སྲུང་ལམ་དུ་རླངས་འཁོར་བརྡར་བའི་ལས་འཛོལ་ཐོན་འདུག་པས། ལམ་སེང་གནས་ཚུལ་ཐོན་སར་འགྲོ་དགོས”ཞེས110བཀོད་འདོམས་ལྟེ་གནས་ཀྱི་བཀའ་རྒྱ་འབྱོར།  དེ་རྗེས་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ལས་འཛོལ་ཐོན་ཡུལ་དུ་བརྟག་དཔྱད་བྱེད་པར་བསྐྱོད།  
          ཉེན་རྟོག་པས་ལས་འཛོལ་རླངས་འཁོར(བོད་DON×××)གྱི་ཁ་ལོ་བ་ཉི་ཆེ་གེ་མོར་སྐད་ཆ་འདྲི་སྐབས། ཁོ་པས་རྐྱང་ཙམ་སྐུམ་ཙམ་དང་ཉེན་རྟོག་པར་གཞོགས་འདེགས་ཡག་པོ་བྱེད་འདོད་མེད་པར། རླངས་འཁོར་བསྐྱོད་སའི་ལམ་ཐིག་དང་ལས་འཛོལ་ཐོན་པའི་བརྒྱུད་རིམ་སོགས་གསལ་པོ་མི་བཤད་སྟབས། ཉེན་རྟོག་པར་དོགས་པ་ཆེན་པོ་སྐྱེས། 
          ཉེན་རྟོག་པས་ཐ་ཚིག་བསྒྲགས་པ་བརྒྱུད།  ཉི་ཆེ་གེ་མོས་འགྲིམ་འགྲུལ་ལས་འཛོལ་ཐོན་སྐབས། རང་ཉིད་ཀྱིས་རླངས་འཁོར་བཏང་མེད། རླངས་འཁོར་གཏོང་མཁན་རང་ཉིད་ཀྱི་སྤུན་མཆེད་རྒྱལ་ཆེ་གེ་མོ་རེད། ལས་འཛོལ་ཐོན་རྗེས། རྒྱལ་ཆེ་གེ་མོས་ང་ལ་ཁ་པར་བརྒྱབ་ནས། ཁ་ལོ་བའི་ལག་ཁྱེར་མེད་ལ་ཆང་བཏུངས་པས་རོགས་པ་བྱེད་རོགས་ཟེར་གྱི་འདུག་ཅེས་བཤད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉི་ཆེ་གེ་མོས་བརྗོད་པ་ལྟར། ལས་འཛོལ་ཐོན་ཡུལ་གྱི་ཟུར་ཞིག་ནས་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པའི་རྒྱལ་ཆེ་གེ་མོ་འཛིན་བཟུང་བྱས།  སྐབས་དེར་རྒྱལ་ཆེ་གེ་མོའི་ལུས་ཐོག་ནས་ཆང་དྲིས་བྲོ་བས། ཉེན་རྟོག་པས་ཁོ་པ་གྱོད་སྒྲུབ་ཁུལ་དུ་ཁྲིད་ནས། ཁྲག་ནང་ཨ་རག་ཉིང་ཁུ་འདྲེས་ཚད་བརྟག་དཔྱད་བྱས། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཁྲིམས་འཛིན་དཔྱད་འདོམས་ལྟེ་གནས་ནས་དཔྱད་འདོམས་བྱས་པ་བརྒྱུད།  རྒྱལ་ཆེ་གེ་མོའི་ཁྲག་ནང་ཨ་རག་ཉིང་ཁུ་འདུས་ཚད་303.23mg/100mLཟིན་པས་ར་བཟི་འཁོར་གཏོང་ཡིན་པ་གཏན་འཁེལ་བྱས། རྒྱལ་ཆེ་གེ་མོས་རང་ཉིད་ཀྱིས་ར་བཟི་འཁོར་གཏོང་དང་ལག་ཁྱེར་མེད་པར་རླངས་འཁོར་བཏང་བའི་རྐྱེན་གྱིས་འགྲིམ་འགྲུལ་ལས་འཛོལ་ཐོན་པའི་ཁྲིམས་འགལ་གྱི་ཉེན་གསོག་བྱེད་སྤྱོད་ངོས་ལེན་ཞུས་པ་རེད། 
ཐག་གཅོད་བྱས་འབྲས།
          རྒྱལ་ཆེ་གེ་མོར་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་མེད་པར་རླངས་འཁོར་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་ལ། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཆད་པ་བཅད་པ་དང་གྱོད་གཞི་དེ་ཟླ་11ཚེས་12ཉིན་རྒྱལ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད།  ཉི་ཆེ་གེ་མོས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པར་དཔང་པོ་རྫུན་མ་བྱས་ཀྱང་ཤུགས་རྐྱེན་ངན་པ་བཟོས་མེད་པར་བརྟེན། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་བཀག་ཉར་ཉིན་6བྱས་པ་དང་དངུལ་ཆད་སྒོར་300བཅད་པ་རེད། 
          བྱམས་བརྩེའི་དྲན་སྐུལ། 
          ཆང་རག་བཏུངས་ཚེ་རླངས་འཁོར་མི་གཏོང་། རླངས་འཁོར་བཏང་ཚེ་ཆང་རག་མི་འཐུང་། ར་བཟི་འཁོར་གཏོང་དང་ལག་ཁྱེར་མེད་པར་རླངས་འཁོར་བཏང་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ་བཅའ་ཁྲིམས་ཀྱི་བཀག་སྡོམ་ལས་ཐར་ཐབས་བྲལ། 
རྩོམ་སྒྲིག་པ། བདེ་སྒྲོལ།