དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

རིག་གནས་གནའ་ཤུལ་རྐུ་སྔོག་གི་གྱོད་གཞི་ཞིག་རྩད་ཆོད་འདུག

སྤེལ་དུས 2020-11-24 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཉེ་ཆར། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་གནའ་བོའི་རིག་གནས་གནའ་ཤུལ་རྐུ་སྔོག་གི་ཉེས་གསོག་གྱོད་གཞི་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་གཉིས་བཟུང་བས། རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད། 
          ཟླ་6ཚེས་11ཉིན་གྱི་ཆུ་ཚོད་1ཙམ་ལ། རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་རྩྭ་མདའ་རྫོང་མདའ་འབབ་ཤང་མདའ་འབབ་གྲོང་ཚོའི་མདོངས་སར་ཚོགས་ཆུང་གི་གྲོང་མིས་ཉེན་དོན་སྙན་སེང་ཞུས་ཏེ། ཚོགས་ཆུང་དེའི་མཆོད་རྟེན་དང་གནའ་ཤུལ་སོགས་མིས་རྐུ་སྔོག་བྱས་འདུག་པས་མྱུར་དུ་བརྟག་དཔྱད་གནང་རྒྱུའི་རེ་བ་ཞུས། གནས་ཚུལ་སྙན་སེང་འབྱོར་མ་ཐག་རྫོང་སྤྱི་བདེ་ཅུས་ཀྱིས་གནས་ཚུལ་དེར་ཚད་མཐོའི་མཐོང་ཆེན་གྱིས་དུས་ཐོག་ཏུ་གྱོད་དོན་ཞིབ་འཇུག་དང་བརྡར་ཤ་གཅོད་པའི་ཚོགས་འདུ་འཚོགས་ཏེ། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་འཕྲལ་མར་མི་དམངས་ཉེན་རྟོག་པ་ཧྲག་སྒྲུག་བྱས་ཏེ་ས་ཆ་དེར་རྩད་ཞིབ་ལས་དོན་སྤེལ་བར་བསྐྱོད་དགོས་པའི་བླང་བྱ་བཏོན་པ་རེད།
          གྱོད་གཞི་དེ་མགྱོགས་མྱུར་མྱུལ་ཞིབ་ཐག་གཅོད་བྱ་ཆེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་གཞི་ཐོན་ཡུལ་དང་དེའི་ཉེ་འཁོར་གྱི་འགྲིམ་འགྲུལ་ལམ་མདོའི་བརྙན་ལམ་འབོར་ཆེན་བལྟས་ཏེ་ཞིབ་འཇུག་བརྡར་ཤ་གཅོད་པ་མ་ཟད། སྲོལ་རྒྱུན་གྱི་མྱུལ་ཞིབ་བྱ་ཐབས་དང་ཟུང་འབྲེལ་བྱས་པས། མཐར་ཉེས་གསོག་དོགས་ཅན་གཉིས་ཀྱི་གཟུགས་དབྱིབས་དང་དེ་བཞིན་གྱོད་གཞི་རྩོམ་བྱེད་ཀྱི་འགྲིམ་འགྲུལ་ཡོ་བྱད་སོགས་དམིགས་སུ་བཟུང་སྟེ། ཟླ་ཤས་རིང་བརྟག་དཔྱད་བྱས་པ་བརྒྱུད། གྲོང་མི་ངག་ཆེ་གེ་མོ་དང་བློ་ཆེ་གེ་མོ་གཉིས་ལ་ཉེས་གསོག་གི་དོགས་པ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཟླ་11ཚེས་3ཉིན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་ཐག་ཆོད་པོས་རྩྭ་མདའ་རྫོང་གི་བོགས་གཏོང་ཁང་པ་ཞིག་ནས་ཉེས་གསོག་དོགས་ཅན་ངག་ཆེ་གེ་མོ་དང་བློ་ཆེ་གེ་མོ་གཉིས་བཟུང་ནས་ཁྲིམས་ལ་སྦྱར་བ་རེད།
          འདྲི་རྩད་བྱས་པ་བརྒྱུད། ངག་ཆེ་གེ་མོ་དང་བློ་ཆེ་གེ་མོས་རང་ཉིད་ཀྱི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་མ་ཟད། 2020ལོ་ནས་བཟུང་གནའ་བོའི་རིག་གནས་གནའ་ཤུལ་རྐུ་སྔོག་ཐེངས་གསུམ་བྱས་པའི་ཉེས་པ་ངོས་ལེན་ཞུས་པ་རེད། 
          མིག་སྔར། ཉེས་གསོག་དོགས་ཅན་རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།