01 ཆང་རག་བཏུངས་ནས་རྩེད་གོང་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་བཏང་བས།
ཟླ2ཚེས15ཉིན་གྱི་ཆུ་ཚོད23དང་སྐར་མ53ཙམ་ལ། ལྷོ་ཁ་གོང་དཀར་རྫོང་ནས་ཡིན་པའི་ཟླ་ཆེ་གེ་མོས་འཇིབ་ཆུང་བོདA49***བཏང་ནས་རྒྱལ་ལམG4219བརྒྱུད་ནུབ་ངོས་ནས་ཤར་ངོས་སུ་བསྐྱོད་པ་དང་། རྩེད་གོང་རིམ་མཐོའི་གཞུང་ལམ36KM+800Mསར་སླེབས་སྐབས་འགྲིམ་འགྲུལ་ལས་འཛོལ་ཐོན་རྗེས་ཉེ་འཁོར་མང་ཚོགས་ཀྱིས་མཐོང་ནས་གྱོད་དོན་སྙན་སེང་ཞུས།
ཉེན་བརྡ་འབྱོར་རྗེས། རྩེད་གོང་རིམ་མཐོའི་གཞུང་ལམ་གྱི་འགྲིམ་འགྲུལ་སྐོར་གཡེང་ཉེན་རྟོག་རུ་ཆེན་གྱི་ལས་རེས་མི་དམངས་ཉེན་རྟོག་པ་འཕྲལ་མར་ལས་འཛོལ་ཐོན་ཡུལ་དུ་བསྐྱོད་པ་དང་། དེ་གར་འབྱོར་སྐབས་འཇིབ་ཆུང་དཀར་པོ་ཞིག་ལམ་དཀྱིལ་གྱི་སྒྲོམ་སྐྱོར་ལ་བརྡུངས་བས། སྒྲོམ་སྐྱོར་དང་རླངས་འཁོར་གཉིས་ཀར་སྐྱོན་ཆེན་པོ་བྱུང་ཡོད་པ་ཤེས་རྟོགས་ཐུབ་ཡོད།
མི་དམངས་ཉེན་རྟོག་པས་ལས་འཛོལ་ཐོན་ཡུལ་དུ་བརྟག་དཔྱད་བྱེད་སྐབས། ཁ་ལོ་བ་ཟླ་ཆེ་གེ་མོའི་ལུས་ནས་ཆང་དྲི་ཆེན་པོ་ཁ་བས། ཁོ་པར་ཆང་བཏུངས་འཁོར་གཏོང་གི་དོགས་གཞི་ཡོད་པ་ཤེས། དེ་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་མར་ཟླ་ཆེ་གེ་མོ་རུ་ཆེན་དུ་ཁྲིད་དེ་ཆང་རག་གི་ཉིང་ཁུ་འདུས་ཚད་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། 69mg/mlཟིན་པས་ཆང་བཏུངས་འཁོར་གཏོང་གི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད།
མིག་སྔར་གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།
02 ལག་ཁྱེར་མེད་པར་རླངས་འཁོར་བཏང་བས།
ཟླ་2ཚེས་25ཉིན། རྩེད་གོང་རིམ་མཐོའི་གཞུང་ལམ་གྱི་འགྲིམ་འགྲུལ་སྐོར་གཡེང་ཉེན་རྟོག་རུ་ཆེན་གྱིས་རྔ་སྒྲ་ཞབས་ཞུ་ཁུལ་དུ་རླངས་འཁོར་ལ་ཞིབ་བཤེར་བྱེད་སྐབས། ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་བཏང་བའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཁག་བཞི་བསྟུད་མར་རྩད་ཆོད་ཡོད།
2021ལོའི་ཟླ་2ཚེས་25ཉིན་གྱི་ཆུ་ཚོད་12དང་སྐར་མ་16ཙམ་ལ། ལྷུན་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་མེད་པར་ཟོག་འདྲེན་རླངས་འཁོར་ཆུང་གྲས་མཚོAXY8**བཏང་བ་དང་། 2021ལོའི་ཟླ་2ཚེས་25ཉིན་གྱི་ཆུ་ཚོད་12དང་སྐར་མ་31ཙམ་ལ་ལྷག་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་མེད་པར་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བོད་AL61**བཏང་བ།2021ལོའི་ཟླ་2ཚེས་25ཉིན་གྱི་ཆུ་ཚོད་13དང་སྐར་མ་5ཙམ་ལ་ཉི་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་མེད་པར་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བོད་CB99**བཏང་བ། 2021ལོའི་ཟླ་2ཚེས་25ཉིན་གྱི་ཆུ་ཚོད་16དང་སྐར་མ་40ཙམ་ལ་སངས་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་མེད་པར་འཇིབ་ཆུང་བོད་DZ52**བཏང་བ་འདི་དག་ཚང་མ་རྩེད་གོང་རིམ་མཐོའི་གཞུང་ལམ་གྱི་འགྲིམ་འགྲུལ་སྐོར་གཡེང་ཉེན་རྟོག་རུ་ཆེན་གྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་རང་ས་ནས་རྩད་ཆོད་པ་རེད།
མིག་སྔར། རུ་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གོ་དགུ་པའི་ནང་གསེས་དང་པོའི་གཏན་འབེབས་ལྟར། གོང་གསལ་གྱི་མི་སྣ་བཞི་པོར་མི་རེར་དངུལ་ཆད་སྒོར1900བཏང་ཡོད།
03 རྩེད་གོང་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ཁ་ཕྱོགས་ལྡོག་ནས་བཏང་བས།
འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་སྔར་བས་ཉུང་དུ་བཏང་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཏན་ཏིག་བསལ་ཏེ་ནུས་ཤུགས་ཡོད་རྒུས་དུས་བདེ་དང་། ཤར་གཏོང་། གོ་རིམ་ལྡན་པ་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཅིག་གཏོད་ཆེད། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རྩེད་གོང་རིམ་མཐོའི་གཞུང་ལམ་གྱི་འགྲིམ་འགྲུལ་སྐོར་གཡེང་རུ་ཆེན་གྱིས་མྱུར་ཚད་ལས་བརྒལ་བ་དང་ཁ་ཕྱོགས་ལྡོག་ནས་གཏོང་བ་སོགས་ཀྱི་དཔེ་མཚོན་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།2021ལོའི་ཟླ་1པོ་ནས་ཟླ་2པའི་བར། རིམ་མཐོའི་གཞུང་ལམ་གྱི་འགྲིམ་འགྲུལ་ཉེན་རྟོག་པས་ཁ་ཕྱོགས་ལྡོག་ནས་བཏང་བའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་81ཞིབ་བཤེར་ཐག་གཅོད་བྱས་ནས་ཡོངས་བསྒྲགས་བྱས་པ་རེད།