དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

མངའ་རིས་ནས་ལྷ་སྐུ་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་འདུག

སྤེལ་དུས 2021-03-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

དེའི་ཁྲོད་ཀྱི་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་པ།
           གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཉེན་རྟོག་པའི་ས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཁང་པའི་ནང་འཛུལ་ནས་ལྷ་སྐུ་བརྐུས་པའི་གྱོད་གཞི་རྩད་ཆོད་བྱུང་བ་དང་། ཆེད་མཁས་པས་ཆོད་སྡོམ་བྱས་པ་བརྒྱུད་དེའི་ཁྲོད་ཀྱི་ལྷ་སྐུ་གཅིག་རིག་དངོས་ཡིན་པ་ཤེས་རྟོགས་བྱུང་། 
          2020ལོའི་ཟླ8པའི་ཚེས13ཉིན་གྱི་ཆུ་ཚོད22ཙམ་ལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་གྲོང་མི་སྤེན་པ་བཟང་མོས་ཁོང་ཚང་གི་མཆོད་ཁང་གི་ལྷ་སྐུ་གཉིས་བརྐུས་སོང་ཞེས་སྙན་སེང་ཞུས་པ་དང་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཉེན་རྟོག་པ་བཏང་ནས་བརྟག་དཔྱད་བྱ་རྒྱུའི་རེ་བ་བཏོན་པ་རེད། གྱོད་དོན་སྙན་སེང་དང་ལེན་བྱས་རྗེས་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲལ་མར་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་ཡུལ་དངོས་སུ་སྐོར་ཞིབ་བྱས་པ་མ་ཟད། སྔ་རྗེས་སུ་མི་སྣ་རྩ་འཛུགས་ཐེངས་མང་པོ་བྱས་ནས་གྱོད་གཞི་བྱུང་ས་དང་དེ་བཞིན་དེའི་ཉེ་འཁོར་གྱི་མིར་བཅར་འདྲི་དང་བརྟག་དཔྱད་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་བ་རེད། ཤེས་རྟོགས་རགས་ཙམ་བྱུང་བ་ལྟར་ན། ཁྱིམ་ནས་བརྐུས་པའི་ལྷ་སྐུ་དེ་གཉིས་རིག་དངོས་ཡིན་པ་འདྲ། 
 
གྲོང་མིས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པར་གཟེངས་བསྟོད་དར་ཆ་ཕུལ་བ། 
          གྱོད་གཞི་དེ་ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་བྱས་ནས་རྩད་ཆོད་ཐུབ་པ་བྱ་ཆེད། སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མྱུལ་ཞིབ་མི་སྣས་དུས་རིམ་ཐོག་མའི་ཤེས་རྟོགས་བྱུང་བའི་གསང་འཕྲིན་གྱི་ཁུངས་སྣེ་གཞིར་བཟུང་སྟེ། དོགས་ཡོད་ཉེས་ཅན་གཏན་འཁེལ་རགས་ཙམ་བྱུང་རྗེས། སྔ་རྗེས་སུ་མངའ་རིས་ས་ཁུལ་དང་ལྷ་ས་སོགས་སུ་སོང་ནས་ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་དང་ཉེན་རྟོག་རིགས10ལྷག་ཙམ་དང་འབྲེལ་བ་བྱས་པ་རེད།  
          འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སྤུ་ཧྲེང་རྫོང་ཉེན་རྟོག་ཕྱོགས་ཀྱིས2021ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་། མངའ་རིས་ས་ཁུལ། སྤུ་ཧྲེང་རྫོང་སོགས་སུ་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་མང་པོ་འཛིན་བཟུང་བྱས་པ་མ་ཟད། དོགས་ཡོད་ཉེས་ཅན་གྱིས་ད་དུང་བཙོངས་མེད་པའི་སྐུ་བརྙན་གཉིས་ཕྱིར་ལེན་ཐུབ་པ་བྱུང་ཡོད། དེ་ལྟར་ཁང་པའི་ནང་འཛུལ་ནས་ལྷ་སྐུ་བརྐུས་པའི་གྱོད་གཞི“8•13”བདེ་བླག་ངང་རྩད་ཆོད་པ་རེད། དེའི་རྗེས་ནས་བོད་ལྗོངས་ཀྱི་རིག་དངོས་སྡེ་ཚན་གྱིས་བརྐུས་པའི་ལྷ་སྐུ་ཆོད་སྡོམ་བྱས་པ་བརྒྱུད་ལྷ་སྐུ་དེ་གཉིས་ནང་གི་གཅིག་ནི་རིག་དངོས་ཡིན་པ་ཤེས་རྟོགས་བྱུང་ཡོད། 
          ཡར་སྔོན་དུ་སྤེན་པ་བཟང་མོ་དང་ཁྱིམ་མིས་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་དུ་ཡོང་ནས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པར་གཟེངས་བསྟོད་དར་ཆ་ཕུལ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།