མཐོ་རིམ་དོ་དམ་པ་ཞིག་གིས་བྱིས་པའི་གམ་ན་ཆུང་མར་གཅར་རྡུང་བཏང་།
སྤེལ་དུས 2022-01-21
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ཟླ་དང་པོའི་ཚེས་20ཉིན་གྱི་ཕྱི་དྲོ། ཞི་ཨན་གྲོང་ཁྱེར་སྤྱི་བདེ་ཅུད་ལང་ཆའོ་ཡན་ལག་ཅུད་ཀྱིས་ཉེན་རྟོག་པའི་བརྡ་ཁྱབ་སྤེལ་བ་ལྟར་ན། སྤྱི་ཟླ་1པོའི་ཚེས་19ཉིན། ངེད་ཅུད་ལ་ཝང་ཆེ་གེ་མོའི་ཉེན་བརྡ་འབྱོར་ནས་ཁོ་མོའི་ཁྱོ་ག་ཝང་ཆེ་གེ་མོས་ཁོ་མོར་གཅར་རྡུང་བཏང་བྱུང་ཞེས་བརྗོད། ཉེན་བརྡ་འབྱོར་རྗེས་མྱུར་དུ་བརྟག་དཔྱད་བྱས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད་སྤྱི་ཟླ་1པོའི་ཚེས་18ཉིན། བཟའ་ཟླ་གཉིས་པོ་དོན་དག་ཙག་ཙིག་ཞིག་ལ་ཁ་རྩོད་ཤོར་ནས་ཁྱོ་ག་ཝང་ཆེ་གེ་མོས་རང་གི་ཆུང་མ་ཝང་ཆེ་གེ་མོར་གཅར་རྡུང་བཏང་། མིག་སྔར་གྱོད་གཞི་དེ་ཁྲིམས་ལྟར་ཐག་གཅོད་བྱེད་བཞིན་ཡོད།
སྤྱི་ཟླ་དང་པོའི་ཚེས་20ཉིན་གྱི་ཐོ་རེངས། ཧྲའན་ཞི་ཁུང་ཀང་དར་གོས་ལམ་གསར་ཚོང་དོན་ཚད་ཡོད་ཀུང་སིའི་བརྡ་ཁྱབ་ལ་གཞིགས་ན། ཕྱོགས་བསྡུས་པུའི་ལས་འཛིན་སྤྱི་གཉེར་གཞོན་པ་ཝང་ཆེ་གེ་མོས་རང་གི་ཆུང་མར་གཅར་རྡུང་བཏང་བས་ཁོ་པའི་འགན་གནས་མཚམས་འཇོག་རྒྱུ་མ་ཟད་སྒྲིག་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན།
ཉིན་དེའི་ཕྱི་དྲོ། ཧྲའན་ཞི་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཝང་ཆེ་གེ་མོའི་ཁྱིམ་སྤྱོད་གཅར་རྡུང་དོན་རྐྱེན་ལ་མཐོང་ཆེན་པོ་བྱས་ནས་གཏུམ་སྤྱོད་སྤེལ་མཁན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། གཏུམ་སྤྱོད་ཕོག་མཁན་གྱི་དགོས་མཁོ་ལྟར་བཅའ་ཁྲིམས་རོགས་སྐྱོར་དང་སེམས་ཁམས་རོགས་རམ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན་འདུག
རྩོམ་སྒྲིག་པ། བདེ་སྒྲོན།