ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

བོད་ཀྱི་མི་951གི་དཀའ་གནད་ཐག་གཅོད་ཐུབ་པ།

སྤེལ་དུས 2023-11-01 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

               ཉེ་ཆར། སྒེར་རྩེ་རྫོང་ཞིབ་དཔྱོད་ཁང་གིས་རྫོང་མི་སྤྱི་ཅུས་དང་ཡིག་འབུལ་ཞུ་བཅར་ཅུས་དང་མཉམ་དུ་ངལ་རྩོལ་གླ་ཆའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་ནས། ཞིང་པ་ལས་མི་951གི་འགྱངས་ཆད་གླ་ཆ་སྒོར་ཁྲི་1429.41ལེན་རོགས་བྱས་པ་རེད།

               ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མངའ་རིས་ཀྱི་ཀུང་སི་ཞིག་གིས་འཛུགས་སྐྲུན་ས་ཆའི་འགྲོ་ལུགས་མ་ཐོབ་པར་བཟོ་ཁང་བརྒྱབ་པས། རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཁྲིམས་ལྟར་ལས་མཚམས་འཇོག་པའི་བཀའ་བཏང་བ་མ་ཟད། དངུལ་ཆད་ཀྱང་བཅད་པ་རེད། དེར་བརྟེན་ལས་མི་མང་པོ་རང་ཡུལ་དུ་མི་ལོག་ཀ་མེད་བྱུང་ཡོད། གནས་ཚུལ་འདིར་སྒེར་རྩེ་རྫོང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྫོང་མི་སྤྱི་ཅུས་དང་ཡིག་འབུལ་ཞུ་བཅར་ཅུས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད་པ་རེད། རྫོང་མི་སྤྱི་ཅུས་དང་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་འགན་འཁྲི་སྒྲུབ་རིང་བཟོ་ཁང་རྒྱག་མཁན་ཀུང་སི་གཉིས་ཀྱིས་ཞིང་པ་ལས་མི་951ལ་གླ་ཆ་སྒོར་ཁྲི་1429.41སྤྲད་མེད་པ་ཤེས་རྟོགས་བྱུང་བ་རེད།

               ཟླ་7ཚེས་31ཉིན། སྒེར་རྩེ་རྫོང་ཞིབ་དཔྱོད་ཁང་ལ་རྫོང་མི་སྤྱི་ཅུས་ཀྱིས་བསྐུར་བའི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཡི་གེ་འབྱོར་རྗེས། ཅན་ཁྲ་ཀྲང་གིས་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་ཙུའུ་ཀྲང་བྱས་ཏེ་གནད་དོན་དེར་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པ་རེད།
               དེའི་རིང་། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གིས་བཟོ་ཁང་རྒྱག་མཁན་སར་ཐེངས་མང་བསྐྱོད་པ་དང་། གླ་ཆ་འགྱངས་ཆད་ཀྱི་དོན་དངོས་ལ་ཞིབ་བསྡུར་བྱས་རྗེས། གྱོད་གཞི་དེ་ཞུ་གཏུག་རྒྱག་ཆོག་པའི་ཆ་རྐྱེན་དང་མཐུན་གྱི་ཡོད་པས། གྱོད་དོན་ཐོ་འགོད་བྱས་ནས་ཐག་གཅོད་བྱ་རྒྱུའི་ཐག་བཅད་པ་རེད། 
               འབད་བརྩོན་བྱས་པ་བརྒྱུད། ཟླ་10ཚེས་12ཉིན་བཟོ་ཁང་རྒྱག་མཁན་ཀུང་སི་གཉིས་ཀྱིས་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་1429.41ཚང་མ་རྩིས་བརྒྱབ་པས། གྱོད་གཞི་གཏུག་བཤེར་མ་བྱས་གོང་གནད་དོན་ཐག་གཅོད་ཐུབ་ནས། ཞིང་པ་ལས་མི་951གི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་ཐུབ་ཡོད། 

རྩོམ་སྒྲིག་པ། མང་ག་མཚོ།