ཁ་པར་འདི་དུས་ཐོག་ཆར་པ་རང་རེད། དེ་མིན་ན་རི་སྐྱེས་སྲོག་ཆཊ་ཁག་གཅིག…
ཉེ་ཆར། ལྷ་རི་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་རོང་སྟོད་ཤང་མངགས་གཏོང་ཁང་དང་མཉམ་དུ་རི་སྐྱེས་སྲོག་ཆགས་རྔོན་པ་རྒྱག་རྩིས་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་ནས་དོགས་ཡོད་ཉེས་ཅན་3བཟུང་བ་དང་། ནག་ཉེས་གསོག་བྱེད་ཀྱི་ལྕགས་རྙི་230ལྷག་ཙམ་རྩད་ཆོད་ལག་ཟིན་བྱུང་བ་རེད།
ཟླ་11ཚེས་15ཉིན་གྱི་ཆུ་ཚོད་10པ་ཡོལ་ཙམ་ལ། ནགས་ཚལ་ཉེན་རྟོག་རུ་ཆེན་ལ་རོང་སྟོད་ཤང་གི་ས་ཆ་ཞིག་ཏུ་མི་ཁག་གཅིག་གིས་རི་སྐྱེས་སྲོག་ཆགས་རྔོན་པ་རྒྱག་གི་འདུག བརྟག་དཔྱད་བྱེད་པར་ཕེབས་རོགས་ཞེས་པའི་ཁུངས་སྣེ་འབྱོར། ཉེན་དོན་སྙན་སེང་འབྱོར་མ་ཐག མི་དམངས་ཉེན་རྟོག་པས་ལམ་སེང་ས་ཡུལ་དངོས་སུ་ཕྱིན་ནས་མྱུལ་ཞིབ་བྱས། མྱུལ་ཞིབ་བྱས་པ་བརྒྱུད། མི་ཁག་གཅིག་གིས་རྐང་བཙུགས་ནས་ལྕགས་རྙི་230ལྷག་ཙམ་བཙུགས་ཏེ་རི་སྐྱེས་སྲོག་ཆགས་རྔོན་པ་རྒྱག་རྩིས་ཡོད་པ་ཤེས། དེ་རྗེས། མི་དམངས་ཉེན་རྟོག་པས་བརྟག་དཔྱད་དཔང་ལེན་སོགས་ཀྱི་ལས་ཀ་ཕོན་ཆེན་བྱས་ཏེ། དོགས་ཡོད་ཉེས་ཅན་བཟང་ཆེ་གེ་མོ་དང་། ཕུར་ཆེ་གེ་མོ། ཚེ་ཆེ་གེ་མོ་གསུམ་པོ་གཏན་འཁེལ་བྱུང་བ་དང་སྦྲགས་འཛིན་བཟུང་བྱས་པ་རེད།
འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་གསུམ་པོས་རི་སྐྱེས་སྲོག་ཆགས་རྔོན་པ་རྒྱག་རྩིས་བྱེད་པའི་ཉེས་གསོག་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས།
མིག་སྔར་གྱོད་གཞི་འདི་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། མང་ག་མཚོ།