ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

གཞན་ལ་ཡིད་ཆེས་བྱས་དྲགས་ན་མཐའ་མ་ཡོང་རྒྱུ་འདི་ལས་མེད། ཨ་ཙི་ཙི།

སྤེལ་དུས 2023-12-15 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ཉེ་ཆར། ཆབ་མདོའི་བུད་མེད་ཀྲེན་ཆེ་གེ་མོར་འཁྱུག་དབྱིངས་ནས་ཀོང་ཏུང་ནས་ཡིན་ཟེར་མཁན་གྱི་སྐྱེས་པ་ཅཱ་ཆེ་གེ་མོ་ངོ་ཤེས་ཤིང་། ཕན་ཚུན་སྐད་ཆ་ཤོད་རེས་དུས་ཡུན་གང་འཚམ་བྱས་མཐར་མི་འདིར་བློ་རྦད་དེ་བཅོལ། དེ་རྗེས་ཅཱ་ཆེ་གེ་མོས་མ་རྩ་བཞག་ནས་ཁེ་བཟང་རག་ཐབས་སྐོར་བཤད་དེ་ཀྲེན་ཆེ་གེ་མོར་UKSPཟེར་བའི་མཉེན་ཆས་ཤིག་ཕབ་ཏུ་བཅུག་པ་མ་ཟད། མ་དངུལ་ཡང་འཇོག་ཏུ་བཅུག མ་དངུལ་བཞག་མ་ཐག་པའི་འགོ་སྟོད་དུ་ཁེ་བཟང་མང་པོ་རག་པས། ཀྲེན་ཆེ་གེ་མོས་དངུལ་དེ་བས་མང་བ་བཏོན། ཟླ་བ་གཅིག་སོང་རྗེས་མཉེན་ཆས་དེ་ཁ་འབྱེད་མ་ཐུབ་པར་སྒོར་3514000ཁ་བསླུས་ཐེབས། ཁ་རུབ་ཆུས་ཀྱི་ཉེན་རྟོག་པས་ཧུར་ཐག་འབད་ཐག་བྱས་པ་བརྒྱུད། གྱོད་འབྲེལ་དངུལ་སྒོར་1255310ཚུར་ལེན་ཐུབ་པ་དང་། མིག་སྔར་གྱོད་གཞི་དེ་སྒྲུབ་གཉེར་བྱེད་སྒང་རེད།


           ཁ་རུབ་ཆུས་ཀྱི་ཉེན་རྟོག་པས་གྲོང་མིར་དྲན་སྐུལ་བྱས་དོན། དྲ་རྒྱ་ནས་གྲོགས་པོ་སྒྲིག་པར་ཡིན་གཅིག་དོགས་ཟོན་ཆེན་པོ་བྱས་ཏེ་ཕ་རོལ་པོའི་སྐད་ཆ་སྙན་པོར་དབྱིངས་ཚུད་རྒྱུ་མེད་ལ། སྒེར་གྱི་གསང་བ་དེ་བས་གྱར་མི་ཉན་པ་དང“ཁེ་བཟང་མ་གཏོགས་གྱོང་གུན་ཅི་ཡང་མི་ཕོག་པ”དང“མ་རྩ་དམའ་པོ་བཏང་ནས་ཁེ་བཟང་ཆེན་པོ་རག་པ”ཟེར་བ་སོགས་ཀྱི་རྫུན་གཏམ་ལ་ཡིད་ཆེས་བྱེད་མི་རུང་། དེ་དང་ཆབས་ཅིག དྲ་རྒྱ་སོགས་ནས་གྲོགས་པོ་སྒྲིག་སྐབས་དོགས་ཟོན་ཆེན་པོ་བྱས་ཏེ་ཕ་རོལ་པོའི་ཆ་འཕྲིན་ཡིན་གཅིག་གསལ་པོ་ཤེས་པར་བྱེད་དགོས། གལ་ཏེ་མགོ་སྐོར་འོག་ཚུད་ཚེ་དུས་ཐོག་ཏུ་ཉེན་རྟོག་པར་སྙན་སེང་ཞུས་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་དགོས།

 

རྩོམ་སྒྲིག་པ། མང་ག་མཚོ།