ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་སྤྱི་བདེ་ཅུས་ནག་ཚོགས་གཙང་སེལ་གཞུང་དོན་ཁང་གིས་གློ་བུར་དུ་ཞིབ་བཤེར་བྱེད་པའི་བྱ་སྤྱོད་སྤེལ་བ་དང་། གཟུགས་པོ་འཁྲུད་ས་ཞིག་ཏུ་གཟུགས་པོ་འཕུར་མཉེད་ལ་ཁ་གཡར་ནས་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ཞིབ་བཤེར་ཐུབ་པ་དང་། ཁྲིམས་ལྟར་མི2ཉེས་དོན་བཀག་ཉར་དང་། མི8ལ་སྲིད་འཛིན་ཆད་པ་བཅད་པས། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཁོར་ཡུག་ལེགས་སུ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་སྤྱི་བདེས་མི་དམངས་ལ་བཅངས་པའི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་ལེན་བསྟར་ཡོད། ད་ཆར་གྱོད་གཞི་འདི་མུ་མཐུད་སྒྲུབ་བཞིན་ཡོད།
ཉེན་རྟོག་ཕྱོགས་ཀྱིས། སྨད་འཚོང་འཆལ་རྒྱུག་གི་བྱ་སྤྱོད་ཀྱིས་མི་སྒེར་གྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བར་མ་ཟད། ཁྱིམ་ཚང་གི་ཞི་མཐུན་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་བསགས་སྣ་ཚོགས་ཐོན་པའི་འབྱུང་རྩ་གྲས་ཤིག་དང་། སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོ་གི་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་བཀག་སྡོམ་མཐའ་གཅིག་ཏུ་བྱ་རྒྱུ་དང་དུས་མཚུངས། མང་ཚོགས་ཚོས་རང་འགུལ་ངང་འཆལ་རྒྱན་དུག་གསུམ་བཀག་འགོག་བྱས་ནས། དེའི་ནང་མི་ཞུགས་པ་དང་། རྒྱ་ཡན་དུ་མི་གཏོང་བ། འགེབས་སྲུང་མི་བྱེད་པ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་དྲན་སྐུལ་ཞུས་འདུག
གོམ་སྟབས་རྗེས་མར། སོག་རྫོང་སྤྱི་བདེ་ཅུས་ཀྱིས་ནག་ཚོགས་གཙང་སེལ་གྱི་འཐབ་རྩོད་དང་འཆལ་རྡུང་ལོག་སེལ་གྱི་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་བསམ་འཆར་བཏོན་མང་བའི་ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏང་རྒྱུ་རེད།
རྩོམ་སྒྲིག་པ། མང་ག་མཚོ།