རྒྱན་འགྱེད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། མང་ཚོགས་ཀྱི་རྒྱན་འགྱེད་ལ་འགོག་རྒོལ་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་ཡག་པོ་ཞིག་ཏན་ཏིག་གཏོད་ཆེད། ཟླ་11ཚེས་29ཉིན། ལྷ་རི་རྫོང་སྤྱི་བདེ་ཅུས་ལྷ་རི་གྲོང་རྡལ་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་སྡོད་ཁང་ཞིག་ཏུ་རྒྱན་པོ་འགྱེད་པའི་ཁྲིམས་འགལ་བྱེད་སྤྱོད་སྤེལ་བཞིན་ཡོད་པ་ཤེས་རྟོགས་བྱུང་སྟེ། ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་འཕྲལ་ཐག་ཆོད་པོས་རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་མི་4བཟུང་བ་དང་། རྒྱན་དངུལ་སྒོར་2450གཞུང་བཞེས་བཏང་བ། མཱ་ཅང་སྒྲོག་ཙེ་1དང་མཱ་ཅང་2གཞུང་བཞེས་བཏང་བ་རེད། མིག་སྔར་གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། མང་ག་མཚོ།