ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཨ་ཁ། དེ་རིང་ཅ་ལག་གཅིག་ཀྱང་རྐུ་མ་ཐུབ་པར་ཉེན་རྟོག་པས་བཟུང་བྱུང”

སྤེལ་དུས 2023-12-22 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས། རྩོམ་པ་པོ།

           2023ལོའི་ཟླ་12ཚེས་6ཉིན་གྱི་ཆུ་ཚོད་11དང་སྐར་མ་47ཙམ་ལ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཐང་ཆེན་མངགས་གཏོང་ཁང་པེ་ཅིང་དཀྱིལ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་བརྙན་ལམ་ནས་སྐོར་ཞིབ་བྱེད་སྐབས། ཁོངས་གཏོགས་ཁུལ་གྱི་གསོལ་མགྲོན་ཁང་ཞིག་གི་སྒོ་ཁར་མི་ཞིག་གིས་ལྐོག་ལྐོག་སུད་སུད་ངང་ཕར་ལྟ་ཚུར་ལྟ་བྱེད་བཞིན་ཡོད་པ་མཐོང་བ་རེད།

           བརྟག་དཔྱད་བྱས་པ་བརྒྱུད། མི་དེ་ནི་རྐུན་མ་ཧྲུའེ་ཆེ་གེ་མོ་ཡིན་པ་ཤེས་པས། ས་ཚིགས་དེ་གའི་མི་དམངས་ཉེན་རྟོག་པས་འཕྲལ་མར་ཉེན་རྟོག་པ་མངགས་ནས་ཁོ་པའི་མཐའ་སྐོར་ཞིང་། ཆུ་ཚོད་12དང་སྐར་མ་15ཙམ་ལ་ཁོ་པ་བཟུང་བ་མ་ཟད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་རྐུ་རྒོལ་རུ་ཆེན་ལ་སྔར་བས་ཐག་གཅོད་བྱེད་པར་རྩིས་སྤྲད་པ་རེད། 
                                                                                   ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ། 
           རྒྱ་ཆེའི་གྲོང་མི་ཚོ་ཕྱིར་སྐྱོད་སྐབས་ངེས་པར་དུ་རང་ཉིད་ཀྱི་ཅ་དངོས་ལ་བདག་པོ་ཡག་པོ་བརྒྱབ་སྟེ། རྐུན་མར་དོགས་ཟོན་བྱེད་དགོས་པ་དང་། གལ་སྲིད་ཅ་དངོས་བརླགས་ཚེ་དུས་ཐོག་ཏུ་ཉེན་རྟོག་པར་སྙན་སེང་ཞུ་དགོས།

 

རྩོམ་སྒྲིག་པ། མང་ག་མཚོ།