བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

“མཐའ་མའི་འགག་གནད”བསལ། དམངས་ལ་ཞབས་འདེགས་ཞུས།

—— རང་ལྗོངས་ཀྱི་རིམ་ཁག་ཁྲིམས་ཁང་དང་ཁྲིམས་འཛིན་གྱིས་དམངས་ལ་ཞབས་འདེགས་ཞུས་པའི་སྐོར་བཀོད་པ།

སྤེལ་དུས 2020-01-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཟངས་རི་རྫོང་ཁྲིམས་ཁང་གིས་འཁོར་ཐོག་སྐོར་སྐྱོད་ཁྲིམས་རར་བརྟེན་ནས་ཞིང་འབྲོག་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱས་པ་མ་ཟད། གྱོད་གཞི་འདྲི་གཅོད་བྱེད་ནུས་ཞིང་ནང་དང་མུ་ཁ་གང་སར་ཁྱབ་ཐབས་བྱས་པས། མང་ཚོགས་དང་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་སྦྲགས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་ཐོག་མའི་བསམ་འདུན་ཡང་མངོན་འགྱུར་ཐུབ་ཡོད།
          1 མི་གཤིས་ཅན་གྱི་ཁྲིམས་འཛིན་མངོན་པ།
          2019ལོའི་ཟླ་10ཚེས་31ཉིན་གྱི་ཆུ་ཚོད་17ཙམ་ལ། རྒྱ་མདའ་རྫོང་སྤྱི་བདེ་ཅུས་ཀྱི་ཤང་ཞིག་གི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཁན་ཟླ་ཆེ་གེ་མོའི་ཁྱིམ་དུ་བསྐྱོད་ནས། ཁོ་པ་མངགས་གཏོང་ཁང་དུ་བརྟག་དཔྱད་བྱེད་པར་ཡོང་རྒྱུར་འབོད་འགུགས་བྱས། ཟླ་ཆེ་གེ་མོའི་ཨ་མ་ཆོས་ཆེ་གེ་མོ་དང་པ་ཕ་སྐར་ཆེ་གེ་མོས་མི་དམངས་ཉེན་རྟོག་པར་འཇིགས་སྣང་སྐུལ་བ་མ་ཟད། ད་དུང་ལས་སྒྲུབ་མི་དམངས་ཉེན་རྟོག་པར་རྡོ་དང་ས་ཕག་གཞུས་ཏེ་མི་དམངས་ཉེན་རྟོག་པས་ཁྲིམས་བཞིན་གཞུང་དོན་བསྒྲུབ་རྒྱུར་འགོག་རྐྱེན་བཟོས་ཤིང་། ཟིང་ཆ་ལངས་པའི་སྐབས་དང་བསྟུན་ནས་སྐར་ཆེ་གེ་མོ་ཡང་བྲོས་པ་རེད།
          དེ་རྗེས་ཁྲིམས་འཛིན་མི་དམངས་ཉེན་རྟོག་པས་རྒྱ་མདའ་རྫོང་སྤྱི་བདེ་ཅུས་ལ་སྙན་སེང་ཞུས་པ་དང་། སྐར་ཆེ་གེ་མོ་དང་ཆོས་ཆེ་གེ་མོས་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོ་བའི་ཉེས་པ་བསགས་པས་གཞུང་གཏུག་བྱས་པ་རེད།
          གྱོད་གཞི་འདི་འབྱོར་རྗེས། རྒྱ་མདའ་རྫོང་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ཞུ་སྦྱོར་ཕྱི་མ་གཉིས་པོ་ལོ་ན་མཐོ་ལ་ནད་ཚབས་ལྕི་བ་མ་ཟད། རྐང་པ་ཡང་ཐང་པོ་མེད་སྟབས་ཁྲིམས་རར་ཡོང་ཐབས་བྲལ་བ་ཤེས་རྟོགས་བྱུང་སྟེ། གྱོད་གཞི་འདྲི་གཅོད་བྱེད་བདེ་ཡོང་ཆེད། རྒྱ་མདའ་རྫོང་ཁྲིམས་ཁང་གི་གྱོད་སྒྲུབ་མི་སྣས་ཞུ་སྦྱོར་ཕྱི་མ་གཉིས་ཀྱི་གནས་སར་“ཁྲིམས་ར”འཚོགས་ཏེ་གྱོད་གཞིར་འདྲི་ཞིབ་བྱས་ནས་མི་གཤིས་ཅན་གྱི་ཁྲིམས་འཛིན་བྱེད་ཐབས་མངོན་པར་བྱས་པ་རེད།
          ཁྲིམས་སར་འདྲི་གཅོད་བྱེད་རིང་། ཞུ་སྦྱོར་ཕྱི་མ་ཆོས་ཆེ་གེ་མོ་དང་སྐར་ཆེ་གེ་མོས་ཉེས་གསོག་གི་དོན་དངོས་ངོས་ལེན་གཙང་ཞུ་བྱས་པ་དང་། ཉེས་གསོག་གི་དོན་དངོས་དང་། ཉེས་མིང་། ཉེས་ཆད་བཅས་ཉེས་བགྲང་བྱས་པར་བསམ་འཆར་གང་ཡང་མེད། གྱོད་གཞི་འདིའི་དོན་དངོས་ཁ་གསལ་བ་དང་། དཔང་རྟགས་ཁུངས་བཙན་པ། ཞུ་སྦྱོར་ཕྱི་མ་ཆོས་ཆེ་གེ་མོ་དང་སྐར་ཆེ་གེ་མོས་རང་ཉེས་ངོས་ལེན་གཙང་ཞུ་བྱས་པ་མ་ཟད། སྟབས་བདེའི་ཁྲིམས་སྤྱོད་གོ་རིམ་ལག་ལེན་བསྟར་རྒྱུའི་མོས་མཐུན་ཐོབ་པ་བརྒྱུད། རྒྱ་མདའ་རྫོང་ཁྲིམས་ཁང་གིས་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོ་བའི་ཉེས་པ་བསགས་པར་དམིགས་ནས་མི་རེར་དངུལ་ཆད་སྒོར་2000གཏོང་རྒྱུའི་ཁྲིམས་ཐག་བཅད་པ་རེད།
          2 བྱིས་པའི་ཁེ་ཕན་འགན་ལེན་བྱས་པ།
           ཀོང་པོ་རྒྱ་མདའ་རྫོང་ཁྲིམས་ཁང་བྲག་ཆུ་ཁྲིམས་རས་གསོ་རིན་སྐོར་གྱི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ་རེད། དེ་སྔོན་ཚེ་ཆེ་གེ་མོ་དང་བློ་ཆེ་གེ་མོ་གཉིས་གཉེན་སྒྲིག་མ་བྱས་པར་མཉམ་དུ་སྡོད་ཀྱི་ཡོད་མོད། ད་ཆ་ལོགས་སུ་སྡོད་ཀྱི་ཡོད། ཁོང་གཉིས་པོར་དོན་ཆེ་གེ་མོ་ཟེར་བའི་བུ་ཞིག་ཡོད་པ་དང་། ཕྲུ་གུ་སྐྱེས་ནས་ད་བར་གྱི་ལོ་གཉིས་ནང་བློ་ཆེ་གེ་མོས་ཕའི་འགན་འཁྲི་འཁུར་རྒྱུ་ལྟ་ཅི། གསོ་རིན་ཡང་གཏན་ནས་སྤྲོད་མྱོང་མེད་སྟབས། ཚེ་ཆེ་གེ་མོས་ཁོ་པ་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ནས་ཁྲིམས་ཐག་གཅོད་རྒྱུའི་རེ་བ་ཞུས།
          ཁྲིམས་དཔོན་གྱིས་འདུམ་འགྲིག་ཡག་པོ་བྱས་པ་བརྒྱུད། བློ་ཆེ་གེ་མོས་ཚེ་ཆེ་གེ་མོར་གསོ་རིན་གྱི་ཆ་ཤས་ཤིག་འཕྲལ་མར་སྤྲད་པ་མ་ཟད། གསོ་རིན་ལྷག་མའི་སྤྲོད་སྟངས་དང་སྤྲོད་པའི་དུས་ཚོད་ཀྱང་གཏན་འཁེལ་བཟོས་པ་རེད། གྱོད་སྒྲུབ་ཁྲིམས་དཔོན་གྱིས་ན་སོ་དར་ལ་མ་བབས་པའི་མིའི་བདེ་ཐང་དང་འཚར་ལོངས་ལ་དོ་ཁུར་བྱེད་རྒྱུ་ནི་གྱོད་གཞི་འདིའི་མཐར་གཏུགས་ཀྱི་དམིགས་ཡུལ་ཡིན་ལ། དེ་ཐོག་ནས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་ལུགས་མངོན་ཐུབ་ཅིང་། ང་ཚོས“མཐའ་མའི་འགག་གནད”བསལ་ནས་ཁྲིམས་འཛིན་གྱི་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་བཤད་པ་རེད།
          3“ཁྱིམ་གྱི་སྒོ་ཁར་གྱོད་དོན་ཐོ་འགོད་བྱེད་པའི”རྣམ་པ་གསར་པ།
          2019ལོའི་ཟླ་12ཚེས་20ཉིན། སྣེ་གདོང་ཁྲིམས་ཁང་གིས“ཀྲུང་གོ་སྒུལ་བདེའི་ཁྲིམས་ཁང་ཆུང་ངུའི”ལས་སྟེགས་སྤྱད་དེ་ཧྥུང་ཐའེ་ཆུས་མི་དམངས་ཁྲིམས་ཁང་ལ་གྱོད་གཞི་ཞིག་བརྒྱུད་བསྐུར་བྱས་པ་དང་། “ས་ཁོངས་བརྒལ་ནས་གྱོད་དོན་ཐོ་འགོད”བྱེད་སྟངས་ལས་ས་གནས་དེ་གའི་ཁྲིམས་ཁང་གིས“ཁྱིམ་གྱི་སྒོ་རྩར་གྱོད་དོན་ཐོ་འགོད་བྱེད་པའི”རྣམ་པ་གསར་པ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
          ཁྱིམ་གྱི་སྒོ་རྩར་གྱོད་དོན་ཐོ་འགོད་ཟེར་བ་ཡང་སྙིང་གང་འདྲ་ཞིག་ལ་ཟེར་རམ་ཞེ་ན། དེ་སྔོན། ལྷོ་ཁ་གྲོང་ཁྱེར་ཚོང་དོན་ཚད་ཡོད་ཀུང་སི་ཞིག་གི་ཁྲིམས་བཀོད་འཐུས་ཚབ་པ་མཱ་ཆེ་གེ་མོ་དང་ཀྲུང་གོ་བཟོ་སྐྲུན་ཚོགས་པའི་ཅུས་ཞིག་གི་ཚད་ཡོད་ཀུང་སིའི་དབར་དཔལ་འབྱོར་གྱི་རྩོད་གཞི་བྱུང་ཡོད། འོན་ཀྱང་ཕྱོགས་གཉིས་དབར་བཞག་པའི་གན་རྒྱའི་ནང་རྩོད་གཞི་ཐག་གཅོད་བྱེད་པའི་ཐད་མངའ་ཁོངས་ཀྱི་ཁ་ཆད་ཡོད་པ་རེད། “ཁ་ཆད་འདི་གཞིར་བཟུང་ཚེ་གྱོད་གཞི་འདི་པེ་ཅིང་གྲོང་ཁྱེར་ཧྥུང་ཐའེ་ཆུས་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས་ཀྱི་ཡོད”སྣེ་གདོང་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཁྲིམས་དཔོན་གྱིས་གྱོད་གཞིར་འདྲི་གཅོད་བྱས་རྗེས་ཆོད་སྡོམ་འདི་འདྲ་བཞག་པ་རེད།
          དོ་བདག་ལ་ཡུལ་གཞན་དུ་ཞུ་གཏུག་རྒྱག་རྒྱུར་སྟབས་བདེ་སྐྲུན་ཆེད། གྱོད་དོན་ཐོ་འགོད་ཁྲིམས་ཁང་གིས་མཱ་ཆེ་གེ་མོར“ས་ཁོངས་བརྒལ་ནས་གྱོད་དོན་ཐོ་འགོད”ཀྱི་ཁྲིམས་འཛིན་ཞབས་ཞུའི་བྱེད་ཐབས་གསར་པ་གསལ་བཤད་ཞིབ་ཕྲ་བྱས་པ་རེད། དེའི་དམིགས་ཡུལ་ནི་གྲངས་གཞི་མང་ཙམ་སྤྱད་དེ་མང་ཚོགས་ཡར་རྒྱུག་མར་རྒྱུག་མང་པོ་བྱེད་མི་དགོས་ཤིང་། དོ་བདག་གི་ཞུ་སྦྱོར་མ་གནས་ཉུང་དུ་གཏོང་རྒྱུ་དེ་ཡིན་པ་རེད།
          མཱ་ཆེ་གེ་མོའི་མོས་མཐུན་ཐོབ་རྗེས། སྣེ་གདོང་ཁྲིམས་ཁང་གིས“ཀྲུང་གོ་སྒུལ་བདེའི་ཁྲིམས་ཁང་ཆུང་ངུའི”ལས་སྟེགས་བརྒྱུད། ཧྥུང་ཐའེ་ཆུས་མི་དམངས་ཁྲིམས་ཁང་ལ་གྱོད་གཞི་འདི་བརྒྱུད་བསྐུར་བྱས་པ་རེད། ཧྥུང་ཐའེ་ཁྲིམས་ཁང་དང་འབྲེལ་བ་བྱས་རྗེས་གྱོད་སྒྲུབ་ཁྲིམས་དཔོན་གྱིས་དོ་བདག་གི་ཡིག་ཆ་ཚང་མ་ཁོངས་གཏོགས་ཁྲིམས་ཁང་ལ་བསྐུར་བ་དང་སྦྲགས་ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད་ལེགས་གྲུབ་བྱུང་བ་རེད།
          ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་རིག་ནུས་ཁྲིམས་ཁང་འཛུགས་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་དོན་ལ་སྣེ་ཁྲིད་བྱེད་རྒྱུ་སྔོན་འགྲོར་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་ཡངས་སུ་བཏང་སྟེ། ཁྲིམས་འཛིན་གྱི་བྱ་སྤྱོད་མི་རེ་ངོ་རེས་དམངས་ལ་ཞབས་འདེགས་ཞུ་གང་ཐུབ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།