ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

༄༅།།ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བའི་དགོངས་དོན་གཙོ་བོ།

སྤེལ་དུས 2017-08-30 ཡོང་ཁུངས། རྩོམ་པ་པོ།
          ༢༠༠༡ལོའི་ཟླ༦པའི་ཚེས༢༥ནས་ཚེས་༢༧བར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་དུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བ་སྐོང་ཚོགས་གནང་ནས། དུས་རབས་གསར་བའི་དུས་འགོའི་བོད་ཀྱི་ལས་ཀའི་མཛུབ་ཁྲིད་བསམ་བློ་གཏན་འཁེལ་གནང་བ་སྟེ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། བློ་མཐུན་ཅང་ཙེ་མེན་གྱི"མཚོན་བྱེད་གསུམ"གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། དཔལ་འབྱོར་འཛུགས་བསྐྲུན་ལྟེ་བར་བྱེད་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐོག་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་། དུས་བབ་བརྟན་ལྷིང་ཡོང་རྒྱུའི་དོན་ཆེན་གཉིས་དམ་འཛིན་བྱས་ཏེ་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་དང་སྤྱི་ཚོགས་སྒོ་ཀུན་ནས་ཡར་ཐོན་ཡོང་བ་བྱེད་རྒྱུ་དང་། རྒྱལ་ཁབ་བདེ་འཇགས་དང་བོད་འདི་ཡུན་རིང་བདེ་འཁོད་ཡོང་རྒྱུའི་འགན་སྲུང་བྱེད་རྒྱུ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་རྒྱུ་འགན་སྲུང་བཅས་བྱེད་དགོས་པ་དེ་ཡིན། ཚོགས་འདུའི་ཐོག་དུས་རབས་གསར་བའི་དུས་འགོའི་བོད་ཀྱི་ལས་འགན་གཙོ་བོ་གཏན་འཁེལ་གནང་སྟེ་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དང་། བོད་ཀྱི་སྤྱི་ཚོགས་དུས་བབ་རྩ་བའི་ཆར་གཏན་ལྷིང་ཡིན་པའི་གོ་སྐབས་བཟང་བོ་དེ་དམ་འཛིན་བྱས་ཐོག་བོད་འདི་དར་རྒྱས་ཡར་ཐོན་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དམིགས་ནས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་ཆེ་རིགས་ནུས་ཤུགས་གཅིག་སྡུད་ཀྱིས་ཐག་གཅོད་བྱེད་རྒྱུ་དང་། ཏང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་གཏོང་བ་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་། བོད་ཀྱི་སྤྱི་ཚོགས་དུས་བབ་རྩ་བའི་ཆར་གཏན་ལྷིང་ཡིན་པ་ནས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་དགོས་པ་དེ་ཡིན། བློ་མཐུན་ཅང་ཙེ་མན་གྱིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བའི་ཐོག་གསུང་བཤད་གནང་སྐབས"བོད་ཀྱི་གོང་འཕེལ་དང་། བརྟན་ལྷིང་། བདེ་འཇགས་བཅས་ནི་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དང་འབྲེལ་བ་ཡོད་ལ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ཡོང་རྒྱུ་དང་འབྲེལ་བ་ཡོད་པ་དང་། མེས་རྒྱལ་གཅིག་གྱུར་དང་བདེ་འཇགས་ཡོང་རྒྱུ་དང་འབྲེལ་བ་ཡོད་ལ་རང་རེའི་རྒྱལ་ཁབ་ཀྱི་མཚན་སྙན་དང་རྒྱལ་སྤྱིའི་འཐབ་རྩོད་དང་འབྲེལ་བ་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམིགས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སེམས་ཁྲལ་བྱེད་སེམས། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲི་འཁུར་སེམས་བཅས་ཆེ་རུ་བཏང་སྟེ་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས"ཞེས་བཏོན་ཡོད་པ་རེད།