ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཨ་རིས་བོད་དོན་དུ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ཀྲུང་གོས་མཐའ་གཅིག་ཏུ་རྒོལ་བ་བྱེད་ངེས་ཡིན།

སྤེལ་དུས 2017-08-30 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། བདེ་ལྷ་མོས་བསྒྱུར།
         ཚེས་༡༩ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་མ་ཁྲའོ་ཞུས་ཀྱིས་གསར་འགོད་པའི་རྒྱུན་སྲོལ་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཀྲུང་གོས་ཨ་མེ་རི་ཁས་ཐའེ་ཝན་དང་། བོད་དོན། ཞང་ཀང་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་རྒོལ་བ་བྱ་རྒྱུ་ཡིན་ཞིང་། ཨ་མེ་རི་ཁས་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་མི་བཟོ་བའི་བླང་བྱ་བཏོན་པ་རེད། 

          གསར་འགོད་པ་ཞིག་གིས་འདི་སྐད། གསར་འགྱུར་དུ་བཀོད་པ་ལྟར་ན། ཉེ་ལམ་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གིས"༢༠༡༠དང་༢༠༡༡གི་ནོར་སྲིད་དཔལ་འབྱོར་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་བསྩལ་ཁྲིམས་གཞི"ཞེས་པ་བཏོན་ཞིང་། ཁྲིམས་གཞི་དེའི་ནང་ཀྲུང་གོ་དང་འབྲེལ་བའི་དོན་ཚན་མི་ཉུང་བ་བཀོད་ཡོད་པ་དེའི་སྐོར་ལ་ཀྲུང་གོར་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས་པར།

          མ་ཁྲའོ་ཞུས་ཀྱིས་དེའི་ལན་དུ་འདི་སྐད། གོང་དུ་བརྗོད་པའི་ཨ་རིའི་རྒྱལ་ཚོགས་ཀྱིས་བཏོན་པའི་ཁྲིམས་གཞིའི་ནང་གི་ཀྲུང་གོ་དང་འབྲེལ་བའི་དོན་ཚན་དེ་དག་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་འགལ་ཞིང་། ཀྲུང་ཨ་མཉམ་འབྲེལ་གསལ་བསྒྲགས་གསུམ་དང་ཨ་རིའི་ཕྱོགས་ཀྱི་འབྲེལ་ཡོད་ཁས་ལེན་དང་ཡང་འགལ་ཡོད་ལ། ཀྲུང་གོས་ཨ་མེ་རི་ཁས་ཐའེ་ཝན་དང་། བོད་དོན། ཞང་ཀང་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་རྒོལ་བ་བྱ་རྒྱུ་ཡིན་པར་མ་ཟད། ཀྲུང་གོས་ཨ་རིར་དེའི་སྐོར་གྱི་ཀྲུང་གོའི་ལྟ་བ་ཡང་གཟབ་ནན་བཏོན་པ་ཡིན་ཞེས་ལན་བསྐྱོན་པ་རེད།