མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

མཚོ་སྔོན་ཁྲིམས་ཁང་གིས་གྱོད་གཞི་བདག་སྤྲོད་དང་ཐག་གཅོད་བྱས་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

སྤེལ་དུས 2020-01-19 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་120768བདག་སྤྲོད་བྱས་པ་དང་དེའི་ནང་གྱོད་གཞི་110507ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་25.09%དང་26.43%སོ་སོར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
          དེའི་ནང་འདྲི་གཅོད་དང་པོའི་དམངས་དོན་གྱོད་གཞི་40285ཞིབ་གཅོད་བྱེད་མཇུག་འགྲིལ་བ་དེ་དུས་མཚུངས་ལས་18.47%འཕར་ཡོད། གཉེན་སྒྲིག་ཁྱིམ་ཚང་དང་། ཤུལ་འཛིན། ཁྱིམ་མཚེས་འབྲེལ་བ་སོགས་ཀྱི་རྩོད་གཞི་ཁག་13974ཞིབ་གཅོད་བྱེད་མཇུག་འགྲིལ་བ་དང་། མི་ལུས་བདེ་འཇགས་འགན་ལེན་བཀའ་རྒྱ་ཁག་8བཏང་བ། དམངས་ཁྲོད་ཀྱི་དངུལ་བུན་གྱོད་གཞི་8161ཞིབ་གཅོད་བྱེད་མཇུག་འགྲིལ་བ། མི་ལུས་ལ་གནོད་འཚེ་གཏོང་བ་དང་། སྨན་བཅོས། འགྲིམ་འགྲུལ་ལས་འཛོལ་གྱི་གནོད་འཚེ་སོགས་ཀྱི་རྩོད་གཞི་ཁག་1751ཞིབ་གཅོད་བྱེད་མཇུག་འགྲིལ་བ། ངལ་རྩོལ་རྩོད་གཞི་ཁག་1333ཞིབ་གཅོད་བྱེད་མཇུག་འགྲིལ་བ། དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་2518མཇུག་འགྲིལ་བ། ལག་བསྟར་དམིགས་སར་འབྱོར་བའི་དངུལ་འབོར་སྒོར་དུང་ཕྱུར་1.26ཟིན་པ། ལག་བསྟར་རོགས་སྐྱོབ་དངུལ་སྒོར་ཁྲི་561.68སྤྲད་པ་བཅས་ཚུད་ཡོད།
          མཚོ་སྔོན་ཁྲིམས་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གསར་གཏོད་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གཅིག་འཐུས་རྣམ་པའི་འདུམ་འགྲིག་ལམ་སྲོལ་སྣ་ཚོགས་དང་གཅིག་འཐུས་རྣམ་པའི་ཞུ་གཏུག་ཞབས་ཞུའི་ལྟེ་གནས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ས་ཁོངས་བརྒལ་བའི་གྱོད་ཐོ་འགོད་པ་དང་རང་འགུལ་གྱོད་ཐོ་འགོད་པ་སོགས་དམངས་ཕན་ཞབས་ཞུ་ཁྱབ་སྤེལ་བཏང་བ་དང“གྱོད་གཞི་ཁག་བགོས་དང་། འདུམ་འགྲིག ཁྲུན་གཅོད། འདྲི་གཅོད”བཅས་ཀྱི་ལམ་སྲོལ་སྒྱུར་བཅོས་ཁྱབ་གདལ་བཏང་ཡོད། དྲ་ཐོག་འདུམ་འགྲིག་ལས་སྟེགས་བཙུགས་ནས་དྲ་ཐོག་ནས་འདུམ་འགྲིག་དང་བརྙན་ལམ་ཐོག་འདུམ་འགྲིག་བྱས་ཏེ་དོ་བདག་ཁྱིམ་ནས་ཐོན་མི་དགོས་པར་རྩོད་གཞི་མགྱོགས་མྱུར་ཐག་གཅོད་བྱས་ཡོད། སྒུལ་བདེའི་ཁྲིམས་ཁང་ཆུང་ཆུང་བཙུགས་ནས“ཆུ་ཚོད་24”ཁྲིམས་འཛིན་ཞབས་ཞུའི་ལས་སྟེགས་བཏོད་དེ་གྱོད་གཞི་3202ཐག་གཅོད་བྱས་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།