དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚོ་བའི་འགན་སྲུང་འདི་དག་ཡོད།

སྤེལ་དུས 2020-03-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་ཚེས་14ཉིན་གྱི་ཕྱི་དྲོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་གི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།
          དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་གྲོན་དངུལ་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་སྲིད་དམ།

          རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་མ་དངུལ་སྒོར་དུང་ཕྱུར་1169ཟིན་པ་དང་། རིམས་འགོག་གི་འགན་ལེན་འདང་ངེས་ཡོད་པས། རིམས་ནད་ཀྱི་གནད་དོན་དབང་གིས་ད་ལོའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་མ་དངུལ་དོན་འཁྱོལ་བྱ་རྒྱུར་ཤུགས་རྐྱེན་ཐེབས་མི་སྲིད།
ད་ལོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་ཀྲུང་དབྱང་ནོར་སྲིད་ཀྱིས་ན་ནིང་གི་རྨང་གཞིའི་ཐོག་མ་དངུལ་དེའི་སྔོན་རྩིས་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་རྒྱུ་རེད། མིག་སྔའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་1030སྔ་སྣུར་གྱིས་གཤམ་སྤྲོད་བྱས་ནས། ས་གནས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
རིམ་པ་རྗེས་མར་ནོར་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ད་ལོའི་ལྷག་འཕྲོར་ལུས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་མ་དངུལ་གང་མགྱོགས་ངང་གཤམ་སྤྲོད་བྱས་ཏེ་ཧུའུ་པེ་སོགས་རིམས་ནད་ཀྱི་དཀའ་ངལ་ཆེ་བའི་ས་ཁུལ་དང་། འགན་སྲུང་ལས་འགན་ལྕི་བའི་ས་ཁུལ། དེ་བཞིན་ནོར་སྲིད་ཐད་དཀའ་ངལ་ཅུང་ཆེ་བའི་གཙོ་གནད་ས་ཁུལ་བཅས་ལ་སྔར་བས་གཟིགས་སྐྱོང་བྱ་རྒྱུ་རེད།
          དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཇི་ལྟར་འགན་སྲུང་བྱ་དགོས།
          མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དྭ་ཕྲུག་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དུས་ཐོག་ཏུ་ཁ་གསབ་འདང་ངེས་སྤྲོད་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཕོག་པའི་ས་ཁུལ་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྔར་བས་མང་དུ་གཏོང་དགོས་པ་དང་དཔེར་ན། ཧུའུ་པེ་རུ་དཀའ་ངལ་ཡོད་པའི་མི་སྣར་གྲོང་ཁྱེར་གྱིས་སྒོར་500ཡི་ཚད་གཞི་དང་གྲོང་གསེབ་ཀྱིས་སྒོར་300ཡི་ཚད་གཞི་གཞིར་བཟུང་ནས་འཚོ་བའི་དངོས་ཟོག་གི་རོགས་སྐྱོབ་བྱེད་དགོས།
འགན་སྲུང་བྱ་དགོས་རིགས་ཚང་མར་འགན་ལེན་ཏན་ཏིག་བྱེད་པ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཆ་སྙོམས་ཚད་གཞི་ནི་ཟླ་རེར་སྒོར་624ཡིན་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་ནི་ལོ་རེར་སྒོར་5336ཡིན་པས། ཁྱིམ་ཚང་གི་ཡོང་འབབ་ཚད་གཞི་ལས་དམའ་བ་དང་། རྒྱུ་ནོར་གྱི་གནས་ཚུལ་འབྲེལ་ཡོད་བླང་བྱ་དང་མཐུན་ཚེ་མ་མཐའི་འཚོ་རྟེན་འགན་སྲུང་གི་ཁོངས་སུ་བཅུག་ཆོག
ཏོག་གསར་གློ་ཚད་ཕོག་པའི་མི་དང་དེའི་ཤུགས་རྐྱེན་ཐེབས་པའི་ཁྱིམ་ཚང་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་དེ་གའི་ཁྱིམ་ཐོ་མིན་པའི་མི་སྣར་ཏོག་གསར་གློ་ཚད་འགོས་ཚེ་ཛ་དྲག་གི་གནས་ཚུལ་ཐོན་ཡུལ་དུ་སྐབས་འཕྲལ་རོགས་སྐྱོབ་རེ་ཞུ་བྱེད་ཆོག
དཀའ་ངལ་ཡོད་པའི་མི་སྣ་གཞན་དག་ལ་དུས་ཐོག་ཏུ་རོགས་སྐྱོབ་བྱེད་པ། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར། དེ་མིན་རིམས་ནད་ཚབས་ཆེ་བའི་ས་ཁུལ་གཞན་དག་ཁ་ཤས་སུ་སྡེ་ཁུལ་ལ་མངགས་བཅོལ་བྱས་ནས་སྔོན་ལ་རོགས་སྐྱོབ་བྱེད་ཆོག་ཅིང་། དེའི་ནང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ལུས་པའི་མི་སྣ་གཞན་དག་དང་གནས་སྐབས་ལས་ཞུགས་བྱེད་ཐབས་བྲལ་བའི་མི་སྣ་ཚང་མས་སྐབས་འཕྲལ་རོགས་སྐྱོབ་རེ་ཞུ་བྱེད་ཆོག 
          དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་འགན་སྲུང་རོགས་སྐྱོབ་གང་དག་བླངས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་ཐུབ།
          ས་གནས་ཁག་གིས་སྤྱི་ཚོགས་རོགས་སྐྱོབ་དང་འགན་ལེན་ཚད་གཞི་དེ་ཟོག་གོང་འཕར་བ་དང་སྦྲེལ་མཐུད་བྱེད་པའི་མཉམ་འགུལ་ལམ་སྲོལ་གྱི་བླང་བྱ་གཞིར་བཟུང་སྟེ། དུས་ཐོག་ཏུ་མཉམ་འགུལ་ལམ་སྲོལ་ལག་ལེན་བསྟར་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རིན་གོང་གི་གནས་སྐབས་ཁ་གསབ་མ་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་པ་དང་། ད་ཐེངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁ་ཤས་ཀྱི་འཚོ་བའི་མ་གནས་འཕར་བའི་གནས་ཚུལ་གསར་པར་དམིགས་ནས་འཚོ་བའི་ཁ་གསབ་རོགས་དངུལ་ཁག་གཅིག་སླར་ཡང་མང་དུ་གཏོང་ཆོག
ཀྲུང་དབྱང་ནོར་སྲིད་ཀྱིས་སྨན་བཅོས་རོགས་སྐྱོབ་མ་དངུལ་གྱི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་དུས་ཐོག་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་ད་ཐེངས་ཀྱི་ནད་པ་ཕུད་པའི་སྨན་བཅོས་འགྲོ་གྲོན་གཞན་དག་ལ་རོགས་སྐྱོབ་བྱེད་པ།
སྤྱི་ཕན་རང་བཞིན་གྱི་ལས་གནས་སྲིད་ཇུས་ལག་བསྟར་བྱེད་ཡུན་རིང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་ཞུགས་ལས་གནས་གསར་པ་ཁག་ཅིག་ཞིབ་འཇུག་གསར་སྤེལ་བྱས་ཏེ། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་ཚོགས་ལ་གང་ལ་གང་འཚམ་གྱི་ལས་ཞུགས་རོགས་སྐྱོར་བྱས་ཏེ། མི་སྣ་དེ་དག་གང་མགྱོགས་ལས་ཞུགས་ཐུབ་པ་དང་ལས་གནས་སུ་ཕྱིར་ལོག་པར་རོགས་རམ་བྱེད་པ། 
          རིམས་ནད་ཀྱི་ཤུགས་རྐྱེན་གྱིས་དཀའ་ངལ་གྱི་གནས་སུ་གྱར་བའི་ཕྱི་ཡོང་མི་སྣར་རོགས་སྐྱོབ་གང་དག་ཐོབ་ཐུབ།
          འགྲིམ་འགྲུལ་དོ་དམ་ཚོད་འཛིན་སོགས་ཀྱི་རྐྱེན་གྱིས་གནས་སྐབས་སུ་ལུས་ནས་ཞག་སྡོད་དང་བཟའ་བཏུང་སོགས་ཀྱི་ཐད་གནས་སྐབས་དཀའ་ངལ་འཕྲད་ཚེ། དེའི་འཚོ་བའི་དགོས་མཁོར་གཞིགས་ཏེ་གནས་སྐབས་ཞག་སྡོད་དང་བཟའ་བཏུང་སོགས་ཀྱི་རོགས་སྐྱོར་བྱེད་པ།
རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ལས་ཀ་མི་རྙེད་ཅིང་ཁྱིམ་ཚང་གི་རྒྱབ་སྐྱོར་ཡང་མ་ཐོབ་པར། གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་འཕྲད་པའི་ཕྱི་ནས་ཡོང་བའི་ལས་མི་དག་ལ། གཏན་འབེབས་གཞིར་བཟུང་སྐབས་འཕྲལ་རོགས་སྐྱོབ་བྱེད་ཆོག་པ་དང་། གཙོ་བོ་དངུལ་སྨར་ཁ་གསབ་སྤྲོད་པའི་བྱ་ཐབས་སྤྱོད་པ། 
          རོགས་སྐྱོབ་ལ་མཁོ་བའི་མ་དངུལ་ཇི་ལྟར་ཐག་གཅོད་བྱ་དགོས།
           ཛ་དྲག་གནས་ཚུལ་བྱུང་ཡུལ་གྱིས་ཐད་ཀར་རོགས་སྐྱོབ་བྱེད་དགོས་པ་དང་། དེ་གནས་སའི་ས་གནས་ཀྱིས་མི་སྣའི་དཀའ་ངལ་གནས་ཚུལ་ཞིབ་ཕྲ་སྟེ་དེ་གར་ལུས་པའི་དུས་ཚོད་དང་། ས་གནས་དེ་གའི་འཚོ་བའི་མ་གནས་སོགས་ལ་གཞིགས་ཏེ། སྐབས་འཕྲལ་རོགས་སྐྱོབ་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་བཅུག་ནས་རོགས་སྐྱོབ་བྱེད་པ་དང་། དེའི་ཐད་མཁོ་བའི་མ་དངུལ་ས་གནས་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་དང་ས་གནས་ཀྱིས་བཀོད་སྒྲིག་བྱས་པའི་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་སྤྱད་དེ་གཅིག་གྱུར་ཐག་གཅོད་བྱེད་དགོས།
          ཝུའུ་ཧན་དུ་ལུས་པའི་མི་སྣར་རོགས་སྐྱོབ་གང་དག་ཐོབ་ཐུབ།
          གྲོང་ཁྱེར་དེ་གའི་ཁྱིམ་ཐོ་མིན་པའི་གཉེན་ཉེ་ཐུག་འཕྲད་དང་། ཡུལ་སྐོར། ལས་གཉེར་སོགས་ཀྱི་རྐྱེན་པས་ཏོག་གསར་གློ་ཚད་འགོས་ནས་འཚོ་བར་དཀའ་ངལ་ཚབས་ཆེན་འཕྲད་པའི་ཕྱིར་ཡོང་གི་མིར་ཝུའུ་ཧན་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞིའི་ལྡབ་4ནས་6བར་གྱི་ཚད་ཐིག་གཞིར་བཟུང་ནས་ཐད་ཀར་གནས་སྐབས་རོགས་སྐྱོབ་བྱེད་པ།
འཚོ་བར་དཀའ་ངལ་ཡོད་པའི་མི་སྣར་སྟེར་ཐེངས་གཅིག་ལ་རོགས་དངུལ་སྒོར་3000སྤྲོད་པ།

རྩོམ་སྒྲིག་པ། བདེ་སྒྲོལ།