དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཟི་ལིང་གི་བྱིས་པ་ཞིག་གློག་སྐུད་སྟེང་ཉེན་ཁར་འཕྲད་འདུག

སྤེལ་དུས 2020-05-19 ཡོང་ཁུངས། གངས་ལྗོངས་འཕྲིན་གསར། རྩོམ་པ་པོ།
           ཟླ5བའི་ཚེས17ཉིན་གྱི་ཆུ་ཚོད20ཡས་མས་སྟེང་།མཁར་ནུབ་ས་ཁུལ་ཞིན་ཧྲེང་སྲང་ལམ་གྱི་གཞིས་ཁུལ་ཞིག་ཏུ་བྱིས་པ་ཆུང་ཆུང་ཞིག་སྡོད་ཁང་ཐོག་བརྩེགས་གཉིས་པའི་ཉེ་འགྲམ་གྱི་གློག་སྐུད་ཐོག་ཉེན་ཁར་འཕྲད་འདུག

          ཁྱིམ་བདག་གིས་མཐོང་རྗེས་གྱུར་དུ་ཉེན་བརྡ་བཏང་ལ། ཟི་ལིང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་མེ་ཟོན་རླངས་འཁོར3དང་བཀོད་འཐབ་པ10མྱུར་དུ་རོགས་སྐྱོབ་བྱ་ཡུལ་དུ་འབྱོར། 

          མེ་ཟོན་རོགས་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་རྗེས། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་སྐུད་ལམ་གྱི་གློག་ཁུངས་བཅད་པ་དང་འབྲེལ་ལྕགས་སྐས་བེད་སྤྱད་དེ་བྱིས་པ་ཐང་དུ་བླངས། ཤེས་རྟོགས་བྱུང་བར་གཞིགས་ན། ཉེན་ཁར་འཕྲད་པའི་བྱིས་པ་དེ་ལོ7ཡིན་པ་དང་། ཁྱིམ་ཚང་སུམ་ཐོག་ཏུ་བསྡད་ཡོད། བྱིས་པའི་ཕ་མ་གཉིས་ཕྱི་རུ་ལས་ཀར་འགྲོ་དགོས་པའི་རྐྱེན་གྱིས་ཁོ་ཁྱིམ་དུ་བཞག་ནས་སྒོ་ལ་ཟྭ་བརྒྱབ རྩེད་རྒྱུར་དགའ་བའི་བྱིས་པ་དེ་ཕྱི་ལ་རྩེད་མོ་རྩེ་རུ་འགྲོ་བའི་ཆེད་དུ། ཇ་ཁང་གི་སྒེའུ་ཁུང་ཕྱེས་ནས་སྒོར་བུད། རང་བྱུང་སོལ་རླངས་ཀྱི་སྦུག་ལམ་བརྒྱུད་ཐོག་སོ་གཉིས་པར་འཛེགས་རྗེས་གནམ་དཔྱང་གློག་སྐུད་ཐོག་ཉེན་ཁའི་གནས་སུ་ལྷུང་། བྱིས་པའི་ཕ་མས་ངོ་སྤྲོད་བྱས་པར་གཞིགས་ན། བྱིས་པ་དེ་གློག་སྐུད་ཐོག་ཆུ་ཚོད་ཕྱེད་ཀ་ཙམ་ལ་ལུས་ཡོད་པར་བཤད།

          མེ་ཟོན་རུ་ཁག་གི་ཤ་ཚའི་སྙིང་གཏམ། ཁྱིམ་བདག་ཚོས་བྱིས་པའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་མཐོ་རུ་བཏང་སྟེ། ཁྱིམ་ཚང་གི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ་ལས་ལྷོད་གཡེང་བྱས་ནས་ཆག་སྒོ་འབྱུང་དུ་འཇུག་མི་རུང་།