དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

མཉམ་འབྲེལ་གྱོད་བསྡུམ་དམངས་སྡུག་སེལ། བཙན་འཇོམས་གཉོམ་སྐྱོང་བདེན་ལུགས་འཛིན།

སྤེལ་དུས 2020-06-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ་ཚེ་རིང་།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར་ཐུན་ཏེ་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་འདོམས་འོག ཁྲིམས་འཛིན་ལས་ཁུངས་བཞིས་མཉམ་འབྲེལ་འདུམ་སྒྲིག་ལས་སྒྲུབ་ཚན་ཆུང་བཙུགས་ཏེ་གཞི་རིམ་དུ་གྱོད་བཤེར་ཆེན་མོ་དང་གྱོད་འདུམ་ཆེན་མོའི་བྱེད་སྒོ་སྤེལ་ནས། ལོ་མང་རིང་འདུམ་སྒྲིག་བྱེད་མ་ཐུབ་པའི་རྫོང་ཡོངས་ཀྱི་གྱོད་གཞི་དཀའ་རིགས་དག་ལ་ཆེད་དུ་འདུམ་སྒྲིག་བྱས།
          ལས་སྒྲུབ་ཚན་ཆུང་གིས་གཟའ་འཁོར་གཅིག་གི་རིང་ལ་ཞོལ་མ་ཞང་རྡེའུ་དཀར་སྡེ་བ་རུ་ཡུལ་ག་གེ་མོ་སོགས་ཁྱིམ་ཚང་བདུན་གྱིས་སྡེ་ཨུ་གཉིས་ཀྱི་ཡིད་འཐད་མེད་པའི་གནས་ཚུལ་འོག་ནས་སྡེ་བ་ཐུན་མོང་གི་རྩྭ་ས་ས་མོའུ840ལྷག་ལོ་ངོ10ཙམ་ལ་བེད་སྤྱོད་བྱས་པའི་རྩྭ་རིན་གྱི་འགལ་བ་དང་། བློ་ག་གེ་མོ་སོགས་ཁྱིམ་ཚང་4ཞིང་སྡེ་གསར་བ་འཛུགས་བསྐྲུན་གྱི་ཁང་བའི་རང་བསྡུ་མ་དངུལ་ལོ7ལྷག་ལ་མ་འཕྲོད་པའི་གྱོད་དོན་སོགས་གྱོད་གཞི8ལ་འདུམ་སྒྲིག་བྱས། གྱོད་གཞི་དེ་དག་དང་འབྲེལ་བའི་མི་སྣ40ལྷག་ཡོད་པ་དང་མ་དངུལ་སྒོར་ཁྲི60ལྷག་དང་འབྲེལ་བ་ཡོད་འདུག མཐར་གྱོད་གཞི་དེ་དག་ཁྱོད་དགའ་ང་སྐྱིད་ཀྱི་འབྲས་བུ་དང་བཅས་ལེགས་པར་བསྡུམ་ཚར།
          ཡུལ་ག་གེ་མོ་སོགས་ཀྱིས1994ལོར་རྩྭ་ས་འགན་གཙང་ལེན་བྱེད་དུས་མོའུ་གྲངས་ཆད་སོང་བ་སོགས་ལ་ཁ་གཡར་ནས་སྡེ་བའི་སྤྱི་ས་སྒེར་སྤྱོད་བྱས་པ་དང་། སྡེ་བའི་འདུམ་སྒྲིག་ཨུ་ལྷན་དང་ཞང་སྲིད་གཞུང་གིས་ཐེངས་དུ་མར་འདུམ་སྒྲིག་བྱས་ཀྱང་མ་ཕན་པར་ཨུ་ཚུགས་མཐའ་འཁྱོལ་བྱས་པར་མ་ཟད། ད་རག་བར་ཏུ་ཡུལ་ག་གེ་སོགས་ཀྱིས་གནས་ལུགས་མེད་པར་གོང་གཏུག་ཐེངས་གང་མང་བྱས་ཏེ་སྡེ་བའི་སྲོལ་དཀྲུག་ཅིང་ཤུགས་རྐྱེན་ངན་པ་བཞག 
           ལས་སྒྲུབ་ཚན་ཆུང་གིས་ཐོག་མར་སྡེ་དམངས་ཚོགས་ཆེན་འཚོགས་ནས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། དོ་བདག་ཕྱོགས་གཉིས་ཀྱི་འབྲེལ་ཡོད་གནས་ཚུལ་དག་ལ་རྒྱུས་ལོན་དཔྱིས་ཕྱིན་པ་བྱས་ཤིང་། མཐར་དོ་བདག་ཕྱོགས་གཉིས་ལ་ཁྲིམས་དང་ཀུན་སྤྱོད་ཀྱི་སློབ་གསོ་བཏང་ནས་ཕན་ཚུན་བར་གོ་ནོར་ཐེབས་པའི་གནས་ཚུལ་དག་ངོ་སྤྲོད་གསལ་བོ་བྱས། ཁྲིམས་ལུགས་གཞི་རྩ་དང་དམངས་སྲོལ་ལ་ཟུར་ལྟ་བྱས་ནས་ཁྲིམས་དང་གནས་ལུགས་ངོ་སྤྲད་དེ་སྡེ་གཞུང་གི་རྩྭ་ས་སྒེར་སྤྱོད་བྱས་པ་དང་། རང་བསྡུ་མ་དངུལ་མ་སྤྲད་པ་སོགས་ཀྱི་ཁྲིམས་ཀྱི་མཇུག་འབྲས་ཤེས་སུ་བཅུག་ཅིང་། སྡེ་བ་གཞུང་ལ་རྩྭ་རིན་སྟེར་རྒྱུ་ནི་ཟོལ་མེད་ཀྱི་གནས་ལུགས་ཡིན་པ་ངོ་སྤྲད། དུས་མཉམ་དུ་སྡེ་ཨུ་གཉིས་ལ་དམངས་ཀྱི་དཀའ་སྡུག་བསམ་དགོས་པ་དང་ཉམ་ཆུང་ལ་རོགས་སྐྱོར་བྱེད་དགོས་པའི་ཚུལ་ཡང་གདམས། གཟི་བ་རྣམས་ཀྱིས་སེམས་ཞིབ་མོས་སློབ་གསོ་དང་ཁ་ཏ་བྱས་པ་བརྒྱུད་ནས་ཡུལ་ག་གེ་མོ་སོགས་ཀྱིས་སྐྱོན་ཆ་ངོས་ཟིན་ནས་རང་འགུལ་གྱིས་ལས་སྒྲུབ་ཚན་ཆུང་གི་སྔུན་ནས་སྐྱོན་བརྗོད་བྱས་ཤིང་། ལོ་དུ་མར་མ་སྤྲད་པའི་རྩྭ་རིན་སོགས་སྒོར་ཁྲི60ལྷག་ལག་ཐོག་གཅིག་ནས་སྤྲད། 
          ལས་སྒྲུབ་ཚན་ཆུང་གི་སེམས་ཞིབ་མོས་སློབ་གསོ་བཏང་བ་བརྒྱུད་དོ་བདག་ཕྱོགས་གཉིས་ཀའི་གྱོད་འགྲིག་ནས་ཕན་ཚུན་ལ་ལག་འཇུ་བྱས་ཤིང་། ཕྱོགས་གཉིས་ནས་ཁ་བཏགས་ཕུལ་ཏེ་ལས་སྒྲུབ་ཚན་ཆུང་ལ་བཀའ་དྲིན་ཞུས། ཐེངས་འདིའི་གྱོད་བཤེར་ཆེན་མོ་དང་གྱོད་འདུམ་ཆེན་མོའི་བྱེད་སྒོ་སྤེལ་བ་བརྒྱུད་ལོ་མང་རིང་གི་དམངས་ཀྱི་སེམས་སྡུག་སེལ་བར་མ་ཟད་སྤྱི་ཚོགས་བདེ་འཇགས་མིན་པའི་རྒྱུ་རྐྱེན་བསལ་ནས་འཆམ་མཐུན་ཐུན་ཏེ་བསྐྲུན་པར་ནུས་པ་བླ་ལྷག་བཏོན། 
རྩོམ་སྒྲིག་པ། རིག་གྲོལ།