དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་འཆད་ཁྲིད་བྱས་པ།

སྤེལ་དུས 2020-06-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་དང་གྲོང་ནུབ་རུ་ཆེན་གྱིས་སློབ་སྦྱོང་འཆད་ཁྲིད་བྱས་ཤིང་། ཀྲེ་ཅང་ཉེན་རྟོག་ཁང་བཅའ་ཁྲིམས་ཚན་ཁག་གི་བོད་སྐྱོར་དགེ་རྒན་དབན་ཀྲེང་ཝུའེ་གདན་དྲངས་ནས《དམངས་དོན་ཁྲིམས་གཞུང》ལ་འགྲེལ་བཤད་བརྒྱབ་པ་རེད།
          ཐེངས་འདིའི་སློབ་ཁྲིད་རིང《དམངས་དོན་ཁྲིམས་གཞུང》གི་གོ་དོན་ནས་འགོ་བཙུགས་ཏེ། 《དམངས་དོན་ཁྲིམས་གཞུང》གི་ཁྲིམས་འཛུགས་རྒྱབ་ལྗོངས་དང《དམངས་དོན་ཁྲིམས་གཞུང》གི་བཀྲག་མདངས་འཚེར་སར་དབྱེ་ཞིབ་བྱས་པ་དང་། 《དམངས་དོན་ཁྲིམས་གཞུང》རྩོམ་སྒྲིག་གི་དོན་སྙིང་གལ་ཆེན་ནན་བཤད་བྱས་པ། ལམ་ལུགས་ཀྱི་དགོས་མཁོ་དང་། རྒྱལ་ཁབ་ཀྱི་དགོས་མཁོ། སྤྱི་ཚོགས་ཀྱི་དགོས་མཁོ། མི་དམངས་ཀྱི་དགོས་མཁོ་སོགས་ཕྱོགས་མང་པོའི་ཐད་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་རྒྱས་བཤད་བྱས་ཤིང་། འགྲིམ་འགྲུལ་ཉེན་རྟོག་པས་བཏོན་པའི་གླེང་མང་བའི་གནད་དོན་ལ་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་འགྲིམ་འགྲུལ་ཉེན་རྟོག་པས་རྗེས་མཐུད་སློབ་སྦྱོང་ཞིབ་ཚགས་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
          སློབ་ཁྲིད་མཇུག་འགྲིལ་རྗེས་སློབ་སྦྱོང་ནང་ཞུགས་མཁན་འགྲིམ་འགྲུལ་ཉེན་རྟོག་པས། འཆད་ཁྲིད་བརྒྱུད《དམངས་དོན་ཁྲིམས་གཞུང་》སྔར་བས་ཆ་ཚང་བ་དང་གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་བྱུང་ཡོད། ཕྱིས་འབྱུང་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་དང་ཁྲིམས་གཞུང་གི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ། 《དམངས་དོན་ཁྲིམས་གཞུང》གི་ཁྲིམས་འཛུགས་དགོངས་དོན་དང་། མ་ལག་གི་གཏན་ཚིགས། ཁྲིམས་འཛིན་འགྲེལ་བཤད་བཅས་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་ཤེས་དཔལ་འགྲིམ་འགྲུལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།  །