དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

2020ལོའི་བོད་རང་སྐྱོང་ལྗོངས་ཀྱི“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་ཐེངས་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

སྤེལ་དུས 2020-07-02 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         ཚེས29ཉིན། 2020ལོའི་བོད་རང་སྐྱོང་ལྗོངས་ཀྱི“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་ཐེངས་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་33པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་འདི་ལོའི“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་ཐེངས་དང་པོར་སྐུལ་སློང་བཀོད་སྒྲིག་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས“འཆལ་རྡུང་ལོག་སེལ”ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་མོང་ཞའོ་ལིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས་ད་ཐེངས་ཀྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་ནན་ཏན་ངང་ཡག་པོ་སྤེལ་དགོས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རང་འགན་རང་ཁུར་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པ། ལས་ཀའི་ཕན་འབྲས་དངོས་ཐོན་རྒྱུར་སྣང་ཆེན་བྱས་ཏེ་འཚོལ་བཤེར་ངོ་མ་དང་དངོས་གཉེར་དངོས་སྒྲུབ་ཐད་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད་ཆེད་དོན་བཅོས་སྒྲིག་ལ་ཕན་འབྲས་ཐོན་པ་བྱས་ནས་ནུས་ལྡན་ཕན་ཆེ་དང་ནུས་པ་མྱུར་དུ་ཐོན་པ་བྱེད་དགོས་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་བཀག་སྡོམ་དང་། ཆ་འཕྲིན་མཉམ་སྤྱོད། གྱོད་གཞི་ཞིབ་བཤེར་སོགས་ཀྱི་ལས་ཀའི་ལམ་སྲོལ་བེད་སྤྱོད་ཡག་པོ་དང་བེད་སྤྱོད་འདང་ངེས་བྱས་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ལས་ཀར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པ། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི“འཆལ་རྡུང་ལོག་སེལ”ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། ཕན་འབྲས་ཐོན་པ་བཅས་ལ་འགན་ལེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་དགེ་མཚན་ལྡན་པ་དང་། སྐྱོན་བྲལ། ཡར་ཐོན་བཅས་ཀྱི་རིག་གནས་ཁོར་ཡུག་ཅིག་གཏོད་དགོས། །