དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

རྨ་ཆུའི་སྟོད་རྒྱུད་ཀྱི་ཞིང་ཆེན་གསུམ་གྱིས་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

སྤེལ་དུས 2020-07-08 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་བཅས་ཀྲོའུ་གསུམ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཚེས་6ཉིན་རྔ་པ་ཀྲོའུ་མཛོད་དགེ་རྫོང་དུ་རྨ་ཆུའི་སྟོད་རྒྱུད་ཀྱི་ཁྲོན་ཀན་མཚོའི་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
          རྨ་ཆུའི་ཆུ་འགོ་མཚོ་སྔོན་ཞིང་ཆེན་བ་ཡན་ཧ་རིའི་བྱང་རྒྱུད་དུ་ཡོད་པ་དང་། ཆུ་བོའི་སྟོད་རྒྱུད་ནི་མཚོ་སྔོན་མགོ་ལོག་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ། སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་བཅས་ཡིན་པ་དང་རྒྱུག་ཁུལ་ཚང་མ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་དང་། རྒྱལ་ཁབ་ཀྱི་འདམ་རའི་སྣོད་བཅུད་བྱེད་ནུས་ཁུལ། གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་བཅས་རེད།
          མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གཞིར་བཟུང་། ཞིང་ཆེན་གསུམ་གྱི་ཁྲིམས་འཛིན་ལས་ཁུངས་ཀྱིས་ནང་ཁུལ་དུ་མཉམ་འགུལ་དང་། ཕྱི་ཕྱོགས་སུ་མཉམ་ལས། ཞིང་ཆེན་དང་ས་ཁོངས་བརྒལ་བའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་མཉམ་ལས་ལམ་སྲོལ་བཙུགས་ནས། སྣོད་བཅུད་བདེ་འཇགས་འགན་ལེན་བྱེད་རིང་ས་ཁོངས་དབྱེ་བ་དང་ཆུ་བོ་རྒྱུག་ཁུལ་གྱི་ཆ་ཚང་རང་བཞིན་དབར་གྱི་འགལ་བ་དང་ཁག་གཅིག་ལ་བཅོས་སྒྲིག་དང་སྣོད་བཅུད་བརྒྱུད་རིམ་རང་བཞིན་དབར་གྱི་འགལ་ཟླ་ཐུན་མོང་ཐོག་སེལ་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཞིབ་ཕྲའི་གནད་དོན་ལ་ཐུན་མོང་ཐོག་ཁ་གཏད་བཅག་སྟེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད། སྒྲོམ་གཞིའི་འོག་མཉམ་ལས་བྱས་པ་བརྒྱུད། མཉམ་ཞུགས་ཚོགས་འདུ་དང་། ཆ་འཕྲིན་བརྡ་གཏོང་མཉམ་སྤྱོད། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཆེ་གྲས་ལ་ས་ཁོངས་བརྒལ་ནས་གྲོས་མོལ། སྣོད་བཅུད་སླར་གསོ་མཉམ་ལས་སོགས་ལམ་སྲོལ་བཅུ་བཙུགས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་ཁྲོན་ཀན་མཚོའི་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྲིམས་འཛིན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད།