དྲ་ཐོག་ཁྲལ་འཇལ་གྱིས་དམངས་ལ་སྟབས་བདེ་བསྐྲུན་པ།
རླངས་འཁོར་ཉོས་པའི་ཁྲལ་དྲ་ཐོག་ནས་འཇལ་ཆོག་པ།
སྤེལ་དུས 2020-07-08
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རིང་གི་ཁྲལ་སྒྲུབ་དང་འབྲེལ་ཡོད་ལས་སྒོའི་ཞབས་འདེགས་སྤུས་ཚད་ཞན་དུ་མི་འགྲོ་བ་དང་ལས་གཉེར་མཚམས་འཇོག་མི་བྱེད་པའི་ཆེད། ལྷ་ས་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས“དྲ་ཐོག་ནས་ཁྲལ་འཇལ་བ་དང་། དགོས་པ་མེད་ན་སྐར་ཁུང་བརྒྱུད་མི་དགོས་པའི་ཁྲལ་འཇལ”གྱི་རྩ་དོན་གཞིར་བཟུང་དྲ་ཐོག་ཁྲལ་འཇལ་ཞབས་འདེགས་ལག་བསྟར་གཏིང་ཟབ་བྱས་ཤིང་། ཁྲལ་འཇལ་ཞབས་འདེགས་ཚོམས་ཆེན་དུ་དམངས་ཕན་ཁྲལ་འཇལ་གྱི་ཤ་ཚའི་དྲན་སྐུལ་སྦྱར་བ་དང་ཁ་པར་གྱི་བློ་འདྲིའི་ཞབས་འདེགས་ཞུས་པ་མ་ཟད། ཁྲལ་འཇལ་འཕྲུལ་ཆས་བཀོད་སྒྲིག་བྱ་ཡུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། 4Sཚོང་ཁང་དུ་བསྐྱོད་ནས་ཁྲལ་འཇལ་འཕྲུལ་ཆས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་དེ་4Sཚོང་ཁང་ཁག་གིས་རླངས་འཁོར་ཉོ་མཁན་ལ་ཁྲལ་འཇལ་འཕྲུལ་ཆས་ནས་ལས་སྒོ་གཉེར་བར་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོའི་ལོ་སྟོད་དུ་རླངས་འཁོར་3443ཡི་ས་ནས་རླངས་འཁོར་ཉོ་སྒྲུབ་ཁྲལ་དངུལ་སྒོར་ཁྲི་20117བསྡུས་པ་ལས་ཁྲལ་འཇལ་འཕྲུལ་ཆས་ནས་རླངས་འཁོར་6949ཡི་རླངས་འཁོར་ཉོ་སྒྲུབ་ཁྲལ་དངུལ་སྒོར་ཁྲི་9224བསྡུས་པ་དེས་ཁྲལ་འཇལ་ཞབས་འདེགས་ཚོམས་ཆེན་གྱི་ལས་སྒོ་སྒྲུབ་ཚད་ཀྱི་51.7%ཟིན་གྱི་ཡོད། ཁྲལ་འཇལ་བས་4Sརླངས་འཁོར་འཚོང་ས་ནས་ཁྲལ་འཇལ་ཐུབ་པས་ཁྲལ་དེ་བས་འཇལ་མགྱོགས་པ་དང་དེ་བས་སྟབས་བདེ་རུ་ཕྱིན་ཡོད་པ་རེད།