ལྷ་སའི་ཉེན་རྟོག་པ་འདིར་སྒྲིག་ལས་འགལ་བའི་དོགས་གཞི་ཡོད།
སྤེལ་དུས 2020-07-28
ཡོང་ཁུངས། ཁྲིམས་གསལ་མེ་ལོང་།
རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམངས་ཕན་ཉེས་དོན་ཞབས་ཞུའི་ཉིང་ལག་རུ་ཁག་རྭ་ཁ་ཆུ་འཁོར་ཉེས་དོན་ཞབས་ཞུའི་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་རྡོ་རྗེ་དབང་ཕྱུག་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
རྡོ་རྗེ་དབང་ཕྱུག་གི་ལོ་རྒྱུས་མདོར་བསྡུས།
རྡོ་རྗེ་དབང་ཕྱུག སྐྱེས་པ། བོད་རིགས། 1984ལོའི་ཟླ་8པར་སྐྱེས། བོད་ལྗོངས་གཞིས་ཀ་རྩེ་པ། 2004ལོའི་ཟླ་9པར་ལས་ཀར་ཞུགས། 2008ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།
2004ལོའི་ཟླ་9པ་ནས་2005ལོའི་ཟླ་9པ་བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཚོད་སྤྱོད་ལས་བྱེད་པ།
2005ལོའི་ཟླ་9པ་ནས་2010ལོའི་ཟླ་1པོ་བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཁོའོ་ཡོན།
2010ལོའི་ཟླ་1པོ་ནས་2012ལོའི་ཟླ་11བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གྱོད་གཞི་ཚབས་ཆེན་རུ་ཆེན་གྱི་རིམ་པ་གཉིས་པའི་ཉེན་རྟོག་པ།
2012ལོའི་ཟླ་11ནས་2019ལོའི་ཟླ་10པ་བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ།
2019ལོའི་ཟླ་10པ་ནས་ད་བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམངས་ཕན་ཉེས་དོན་ཉིང་ལག་རུ་ཁག་རྭ་ཁ་ཆུ་འཁོར་ཉེས་དོན་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ།